དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • “ཚན་རིག་ཉམས་ལེན་དང་། བློ་སྒོ་འབྱེད་པ། གསར་གཏོད་སྐྱེད་སྲིང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-25

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གིས“ཚན་རིག་ཉམས་ལེན་དང་། བློ་སྒོ་འབྱེད་པ། གསར་གཏོད་སྐྱེད་སྲིང”བཅས་བརྗོད་དོན་གཙོ་བོར་བྱས་པའི་སློབ་གྲྭའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོར་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཀྱི་ཚན་རྩལ་གསར་ཤོས་མཉམ་འདྲེས་དམ་ཟབ་བྱས་ཏེ། དབྱིངས་ཞུགས་དང་། མཉམ་འགུལ། ཉམས་ལེན་བཅས་ཀྱི་རྣམ་པར་བརྟེན་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་རིག་གནས་ཀྱི་ནང་དོན་དང་ཚན་རྩལ་གྱི་གསོན་ཤུཌ་ལྡན་པའི་སློབ་གྲྭའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།འདི་ནི་ཚན་རིག་ཁྱབ་གདལ་དང་བླངས་པས(གཡས་ཀྱི་དང་པོ)སློབ་མར་འགྱིག་སྐུད་སྒུལ་ཤུགས་ཀྱི་གནམ་གྲུའི་དཔེ་དབྱིབས་བཟོ་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།