སློབ་གསོའི་རྣམ་པ་གསར་གཏོད་ཀྱིས་ལོ་ཆུང་བྱིས་པ་འཚར་ལོངས་ཡོང་བར་རམ་འདེགས་བྱེད་པ།

ཉེ་ཆར། “ལྷ་སའི་རིག་གནས་ཀུན་ཕན་གླིང”གི་གཟའ་འཁོར་ཐེངས་ཉེར་གཅིག་པའི་རིག་གནས་ལུས་རྩལ་གྱི་དམངས་ཕན་བྱེད་སྒོ་ལྷ་ས་བྱང་ཆུབ་སློབ་གསོའི་སློབ་ཁུལ་ཤར་མར་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ལོ་6ནས་10བར་གྱི་ལོ་ཆུང་བྱིས་པའི་འཚར་ལོངས་ཀྱི་ཁྱད་ཆོས་དང་སློབ་སྦྱོང་གི་དགོས་མཁོར་དམིགས་ཏེ། དབྱིན་ཡིག་ཆེད་ལས་ཀྱི་དགེ་རྒན་དང་ཞིབ་སྦྱོང་མཛུབ་ཁྲིད་ཚོགས་པའི་གསར་གཏོད་སློབ་གསོའི་རྣམ་པའི་ཐོག་ནས་སྲོལ་རྒྱུན་གྱི་སློབ་ཚན་ཁྲིད་སྟངས་མ་སྤྱད་པར། དབྱིན་ཡིག་གི་གླུ་གཞས་བརྒྱུད་གཏོང་དང་། ཕྱི་རྒྱལ་སྐད་ཡིག་གི་རིས་དེབ་ཞིབ་ཀློག ཕན་ཚུན་ཉམས་མྱོང་སྤེལ་རེས་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ཏེ། སྤྲོ་སྣང་དོད་ལ་རྣམ་པ་གསར་རྐྱང་གི་ཕྱི་རྒྱལ་སྐད་ཡིག་གི་སློབ་སྦྱོང་ལས་སྟེགས་བཏོད་པས་སྤྲོ་སྣང་རོལ་རྩེད་ཉམས་ལེན་ཁྲོད་ནས་གཞོན་ནུ་དང་ལོ་ཆུང་བྱིས་པ་ཚོས་དབྱིན་ཡིག་ལ་རྒྱུས་མངའ་བྱུང་བ་དང་ཤེས་ཡོན་གྱི་བྱང་ཚད་མཐོ་རུ་ཕྱིན་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།