མངའ་རིས་ཀྱི་རླུང་གློག་རྣམ་གྲངས་དང་པོ་ལོ་མཇུག་ཏུ་དྲ་སྦྲེལ་ཐུབ་རྒྱུ་ཡིན་པ།

འདི་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་རླུང་གློག་འཕྲུལ་ཚན་ཡིན་པ།
ཉེ་ཆར། མངའ་རིས་ས་ཁུལ་གྱི་རླུང་གློག་ལས་གྲྭ་ཐོག་མ་སྟེ། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་མངའ་རིས་སྒེར་རྩེའི་ཆན་ཝ་ཁྲི་5ཟིན་པའི་རླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་འདེགས་སྒྲིག་ཚང་མ་ལེགས་གྲུབ་ཟིན་པ་དང་མིག་སྔར་ཕྱོགས་ཡོངས་ནས་དྲ་སྦྲེལ་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ཏེ་2026ལོའི་ལོ་མཇུག་ཏུ་དྲ་སྦྲེལ་འཁོར་སྐྱོད་བྱ་རྩིས་ཡོད་པ་རེད།
རྣམ་གྲངས་དེ་སྤྱོད་འགོ་ཚུགས་རྗེས། ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.8ཟིན་རྒྱུ་དང་དུས་མཚུངས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་15ཙམ་ཉུང་དུ་འགྲོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།