པར་རིས་གསར་འགྱུར།

འདི་ནི་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱ་ཡུལ་ཡིན་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་མི་མེད་གནམ་གྲུའི་ལས་རིགས་རྩལ་ནུས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཁག་དང་པོ་སློབ་མཇུག་འགྲིལ་བ་རེད། ཆ་རྐྱེན་འཛོམས་པའི་སློབ་མ་41གིས་དུས་ཡུན་ཉིན་15ཡི་ཚོགས་དུས་90ཡི་རིང་བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་བཀོལ་སྤྱོད་དངོས་ཀྱི་ནང་སྦྱོང་བྱས་རྗེས། ད་ཐེངས་ཀྱི་གསོ་སྦྱོང་སློབ་མཇུག་བདེ་བླག་ངང་འགྲིལ་བ་རེད། དེའི་ནང་སློབ་མ་22ལ་CAACདམངས་སྤྱོད་མི་མེད་གནམ་གྲུའི་བཀོལ་སྤྱོད་པའི་ལག་ཁྱེར་རག་པ་རེད།
འབྲེལ་ཡོད་གསར་འགྱུར།