སློབ་སྦྱོང་བྱེད་ས་ཡོད་པ་དང་། སྤྲོ་སྐྱིད་གཏོང་ས་ཡོད་པ། ལས་ཀ་བྱེད་ས་ཡོད་པ།

འདི་ནི་ཉི་དྲོད་གླིང་སྡེ་ཁུལ་གྱི་རྒན་རྒོན་སློབ་ཆེན་གྱི་སྒྲ་སྙན་དཀྲོལ་སྟངས་སློབ་ཁྲིད་བྱ་ཡུལ་ཡིན་པ།

འདི་ནི་ཉི་དྲོད་གླིང་སྡེ་ཁུལ་གྱི་རྒན་རྒོན་སློབ་ཆེན་གྱི་མེ་ཏོག་འཛུགས་སྟངས་སྦྱོང་བའི་སློབ་ཚན་ཐོག་རྒན་རྒོན་ཚོས་མེ་ཏོག་འཛུགས་སྟངས་སྦྱོང་བཞིན་པ།
ཁོངས་གཏོགས་ཁུལ་གྱི་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒན་རྒོན་གྱི་དགའ་ཕྱོགས་མང་དུ་གཏོང་བ། རྒན་རྒོན་གྱི་སློབ་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་གྱི་སློབ་ཚན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ“རྒས་དུས་སློབ་སྦྱོང་བྱེད་ས་ཡོད་པ་དང་། རྒས་དུས་སྤྲོ་སྐྱིད་གཏོང་ས་ཡོད་པ། རྒས་དུས་ལས་ཀ་བྱེད་ས་ཡོད་པ”བཅས་ཡོང་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།