དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གསེར་མདོག་གོས་ཀྱིས་བྱང་ཐང་ཡོངས་སུ་བཀླུབས། སྟོན་གྱི་མཛེས་པ་གཡུ་མཚོའི་ངོས་ལ་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-10

    འདི་ནི་ལྷ་རི་རྫོང་དུ་གནས་པའི་འཇའ་གནས་གཡུ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་བཻཌཱུརྱའི་མདོག་ལྟར་སྔོ་བའི་མཚོ་མོ་དང་གསེར་མདོག་གི་སྤང་ལྗོངས་ཀྱི་རྣམ་པ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་མཐའ་འཁྱོངས་ཀྱིས“སྐྱེ་ཁམས་གྲོང་ཁྱེར་སྟོབས་ཆེན”གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་བས། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་འབྲོག་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ཐད་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཐུབ་ཡོད། སྟོན་དུས་ཀྱི་བྱང་རྩྭ་ཐང་གིས་ས་མཐོའི་འབྲོག་ཁུལ་གྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་འགྲོ་བའི་དཔང་པོ་བྱེད་བཞིན་མཆིས།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།