རྒྱལ་སྟོན་གྱི་ངལ་གསོའི་རིང་ཉིང་ཁྲིར་ཡུལ་སྐོར་དུ་བསྐྱོད་དེ་རི་ཆུའི་མཛེས་ལྗོངས་ཉམས་སུ་མྱོང་བ།

འདི་ནི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཚོས་བྱེ་མ་ལའི་ལྗོངས་གཟིགས་སྟེགས་བུར་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་མཛེས་སྡུག་ལྡན་པའི་ཉང་ཆུའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག་ཡིན་པ།
རྒྱལ་སྟོན་གྱི་ངལ་གསོའི་རིང་། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཉིང་ཁྲིར་ཡུལ་སྐོར་དུ་བསྐྱོད་དེ་གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད་ཅེས་འབོད་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་མྱོང་རོལ་བྱས་ཤིང་། བྱེ་མའི་ལ་དང་ཉང་ཆུ་སོགས་མཛེས་ལྗོངས་ཁུལ་གྱིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་། དྭངས་གཙང་གི་ཆུ་མོ་དང་། གསེར་མདོག་གི་བྱེ་རི། རྩི་ཤིང་གིས་བཀླུབས་པའི་མུ་ཁྱུད་རི་རབ་བཅས་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་པའི་ངོ་མཚར་ཆེ་བའི་ས་མཐོའི་ལུང་གཞུང་གི་མཛེས་ལྗོངས་གྲུབ་ནས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་འཕྲོགས་ཏེ་ཉིང་ཁྲིའི་རང་བྱུང་རི་ཆུའི་མཛེས་སྡུག་མྱོང་རོལ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།