བོད་ལྗོངས་མངའ་རིས་ཀྱི་ངོ་མཚར་ཆེ་བའི་བྲུ་རོང་གི་མཛེས་ལྗོངས།

འདི་ནི་ཟླ་9ཚེས་19ཉིན། ཡུལ་སྐོར་བས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁོངས་ཀྱི་ཞ་ཡེ་གྲོག་རོང་མཛེས་ལྗོངས་ཁུལ་དུ་འཇའ་རིས་བྲུ་རོང་གི་ས་དབྱིབས་ལ་ལྟ་བཞིན་པ།
བོད་ལྗོངས་རྩྭ་མདའི་བྲུ་རོང་ལ་སྤྱི་ལེ་ངོས་གྲུ་བརྒྱ་ཙམ་ཡོད་པ་ནི་གནའ་བོའི་རྒྱ་མཚོ་ཆེན་པོའི་མཐིལ་དང་། དེ་བཞིན་ལོ་ངོ་ཁྲི་སྟོང་མང་པོའི་རིང་ཆུ་བོ་ཆེན་པོ་རྒྱུག་ནས་ས་གཤིས་འགུལ་སྐྱོད་བྱུང་བ་ལས་གྲུབ་པ་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་ཁག་བཞི་པའི་གྲས་སུ་ཚུད་ཡོད། ཞ་ཡེ་གྲོག་རོང་མཛེས་ལྗོངས་ཁུལ་ནི་ས་གཤིས་སྤྱི་གླིང་དེའི་ཁྱབ་ཁོངས་སུ་གནས་པ་དང་། གྲོག་རོང་སྟོང་ཕྲག་མང་པོའི་ས་དབྱིབས་དང་འཇའ་རིས་ལྟར་གྱི་ས་རིམ་གྱི་དམིགས་བསལ་ཁྱད་ཆོས་ལས་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད།
འབྲེལ་ཡོད་གསར་འགྱུར།