ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་ལྷ་སའི་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་ལ་སླེབས་པ།

འདི་ནི་ཁྲུང་ཁྲུང་སྐེ་ནག་གིས་རྒུམ་བུ་འཐུ་བཞིན་པ།

འདི་ནི་ཁྲུང་ཁྲུང་སྐེ་ནག་མཁར་རྩེ་ཆུ་མཛོད་འགྲམ་དུ་ཅི་དགར་རོལ་བཞིན་པ།
ཞོགས་པའི་ཉི་གཞོན་མཁར་རྩེ་ཆུ་མཛོད་ལ་འཕྲོ་སྐབས། ཆུ་ངོས་སུ་གསེར་གྱི་ཡོལ་བ་སྲབ་མོ་ཞིག་འཐེན་པ་དང་གཉིས་སུ་མེད་ཅིང་། ཁྲུང་ཁྲུང་སྐེ་ནག་བཅུ་གྲངས་ཁ་ཤས་དེ་གར་མ་བོས་གཅིག་ཏུ་འཛོམས་ཡོད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོའི་ཡུལ་མིས། འདི་ནི་ད་ལོ་དགུན་སྒྲོལ་དུ་ཡོང་བའི་ཁྲུང་ཁྲུང་ཁག་དང་པོ་དེ་རེད། ལོ་གོང་མ་་ལས་ཡོང་སྔ་བ་འདུག་ཅེས་ངོ་སྤྲོད་བྱས་པ་རེད། ལོ་ལྟར་ཟླ་བཅུ་པའི་གཡས་གཡོན་དུ་ཁྲུང་ཁྲུང་མང་པོ་གཏན་འཇགས་ཀྱི་ལམ་ཐིག་བརྒྱུད་གངས་རི་དང་གྲོག་རོང་བརྒལ་ནས་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ལུང་གཞུང་དེར་གནས་པའི་འདམ་རར་གནས་བཅའ་ཡི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།