འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་འགྲིམ་འགྲུལ་བདེ་འཇགས་ལྟ་འདོམས་དང་དྲིལ་བསྒྲགས་རུ་ཆེན་གྱིས་བོད་ལྗོངས་སློབ་ཆེན་དུ་བསྐྱོད་དེ་སྟོན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་སྒྲོག་འགྲེལ་བྱ་ཡུལ་དུ་སློབ་མ་གསར་པས་ནན་ཏན་ངང་སྒྲོག་འགྲེལ་ཉན་པ་དང་རང་འགུལ་གྱིས་མཉམ་འགུལ་སློབ་སྦྱོང་ནང་ཞུགས་བཞིན་པ།
སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་འགོག་སྲུང་ནུས་པ་སྔར་བས་ཆེ་རུ་བཏང་ནས་སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་བརྟན་དུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་རུ་ཆེན་ཁག་གིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་དེ་སྟོན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། སློབ་མ་གསར་པར་དབྱིངས་ཞུགས་རྣམ་པ་དང་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཁྲིད་པ་རེད།
འབྲེལ་ཡོད་གསར་འགྱུར།