ས་མཐོའི་ཞིང་ས་གཤིན་པོ་ནས། ལོ་ལེགས་གཏམ་བཟང་ལྷང་ལྷང་གྲགས།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་ཞིང་པས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་འབྲུ་རིགས་བསྡུ་བཞིན་པ། འབྲས་ལྡན་སྟོན་གྱི་དུས་སུ་བོད་ཀྱི་ས་གནས་ཁག་ཏུ་སྟོན་བསྡུའི་འགག་རྩའི་དུས་སུ་སླེབས་ཤིང་། ཆར་པ་བསྟུད་མར་བབས་པའི་གནམ་གཤིས་རེ་ཞིག་མཚམས་ཆད་རྗེས། མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གིས་གནམ་གཤིས་ཡག་པའི་སྐབས་དང་བསྟུན་ནས་མི་དང་ཞིང་འཕྲུལ་གྱི་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་གིས་ལོ་ཏོག་མགྱོགས་མྱུར་བརྔ་བསྡུ་བྱས་ཏེ། འབྲུ་རྡོག་གཅིག་ཀྱང་མ་ལུས་པར་བང་མཛོད་དུ་འཇུག་ཐུབ་པའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།