རྒྱལ་ཐོན་རླངས་འཁོར་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས་ཐོན་བཞིན་པ།

ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར། ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཁྲལ་སྲུང་ལས་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་4.73ཟིན་པ་དེ་དུས་མཚུངས་ལས་242.75%འཕར་ནས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའི་ནང་ནུས་གསར་རླངས་འཁོར་ཕྱིར་གཏོང་མུ་མཐུད་ལེགས་ཆ་གཙོ་བོར་གྱུར་ཞིང་། ལོ་སྟོད་དུ། གླིང་ཁུལ་དུ་ནུས་གསར་རླངས་འཁོར་1764ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་87.26%འཕར་བ་དང་། གླིང་ཁུལ་ནས་རླངས་འཁོར་1855ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་71.12%འཕར་བ། གླིང་ཁུལ་དུ་ཁྲལ་སྲུང་ལས་སྒོའི་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་1.96ཟིན་པ་དེ་དུས་མཚུངས་ལས་68.96%འཕར་ཡོད།འདི་ནི་རྒྱལ་ཐོན་རླངས་འཁོར་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས་ཐོན་བཞིན་པ།
འབྲེལ་ཡོད་གསར་འགྱུར།