འཚོལ་སྐྱོབ་དང་རྩད་འཚོལ་ལས་དོན་གཏིང་ཟབ་སྤེལ་བ།

འདི་ནི་འཚོལ་སྐྱོབ་མི་སྣས་ཆེད་ལས་ཀྱི་ཡོ་བྱད་དང་སྒྲིག་ཆས་སྤྱད་དེ་ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣའི་ཆ་འཕྲིན་འཚོལ་རོགས་བྱེད་བཞིན་པ།

འདི་ནི་གཞིས་རྩེའི་མེ་གསོད་དཔོན་དམག་གིས་ཆུ་རུད་ཀྱི་ལྟེ་བའི་ཁུལ་གྱི་ས་ཡུལ་དངོས་སུ་འཚོལ་སྐྱོབ་བྱེད་བཞིན་པ།

འདི་ནི་རོགས་སྐྱོབ་སྟོབས་ཤུགས་ཁག་གིས་ལྟེ་བའི་ཁུལ་དུ་ལེབ་བཤེར་རྣམ་པའི་རྩད་འཚོལ་དང་རིམས་འགོག་དུག་སེལ་བྱེད་བཞིན་པ།
ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ལམ་216བརྒྱུད་སྐྱིད་གྲོང་འགག་སྒོར་སྐྱོད་སའི་སྐམ་ལམ་གཞི་རྩའི་ཆ་ནས་མྱུར་བཟོ་ཐུབ་སྟེ་རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་ཁག་གཅིག་བཅས་སྐམ་ལམ་བརྒྱུད་ལྟེ་བའི་ས་ཁོངས་སུ་འབྱོར་བ་མ་ཟད། འཚོལ་སྐྱོབ་དང་རྩད་འཚོལ་ལས་དོན་ཡང་གཏིང་ཟབ་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།