བོད་ལྗོངས་སྤུ་ཧྲེང་གིས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ།

གངས་རིན་པོ་ཆེ་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་གནས་རི་ཞིག་ཡིན་པས། ལོ་ལྟར་ཡུལ་སྐོར་བ་མང་པོ་གངས་སྐོར་དུ་ཡོང་གི་ཡོད། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ་དང་གད་སྙིགས་རྩ་མེད་འགྲོ་འགོར་བས། དང་བླངས་པ་དང་ཁོར་ཡུག་འཕྲོད་བསྟེན་བཟོ་པས་ས་བབ་མཐོ་བ་དང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་དཀའ་ངལ་ཁྱད་དུ་བསད་ནས་གངས་སྐོར་ལམ་རྒྱུད་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ་རེད། འདི་ནི་ཉེ་ཆར་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གངས་རིན་པོ་ཆེའི་སྒྲོལ་མ་ལའི་ས་བབ་སྨི་5600ལྷག་ཙམ་ཟིན་པའི་གངས་སྐོར་ལམ་དུ་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་དང་ཁོར་ཡུག་སྲུང་སྐྱོང་བཟོ་པས་གད་སྙིགས་དབོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།