དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལྗང་མདོག་གློག་ཤུགས་ཀྱིས་དམངས་ལ་ཕན་པ་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-30

    བོད་ལྗོངས་མལ་གྲོ་གུང་དཀར་དང་སྟག་རྩེའི་ཀྲའོ་ཝ་100+ཀྲའོ་ཝ་50ཡི་འབྲོག་ལས་དང་འོད་ཤུགས་གསབ་རེས་ཀྱི་སྣ་འདུས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དང་སྟག་རྩེ་ཆུས་སུ་གནས་ཤིང་། རྣམ་གྲངས་དེས“འབྲོག་ལས་དང་འོད་ཤུགས་གསབ་རེས”ཀྱི་གསར་སྤེལ་བྱེད་ཐབས་གསར་གཏོད་བྱས་པ་དང་། “ཤེལ་ལེབ་ནས་གློག་གཏོང་དང་ཤེལ་ལེབ་འོག་ཏུ་ཕྱུགས་འཚོ་བ”བརྒྱུད་ས་ཆ་བེད་སྤྱོད་ནུས་ལྡན་ཐུབ་ཡོད། རྣམ་གྲངས་དེ་2025ལོའི་ཟླ་12པར་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.72ཙམ་ཟིན་རྒྱུ་དང་། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་8.18གྲོན་ཆུང་ཐུབ་རྒྱུ། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་22.41ཙམ་ཕྱིར་འབུད་ཉུང་དུ་གཏོང་ཐུབ་རྒྱུ་བཅས་རེད། རྣམ་གྲངས་དེས་ལྷ་སའི་གློག་དྲར་གློག་ཤུགས་གཙང་མ་མཁོ་འདོན་བྱས་ནས་དགུན་དུས་གློག་དཀོན་པའི་དཀའ་གནད་སེལ་བ་དང་ཆབས་ཅིག་ཐཱན་མེད་འབུད་གཏོང་དང་འབྲོག་ལས་དང་འོད་ཤུགས་གསབ་རེས་ཀྱི་ལྗང་མདོག་རྣམ་པར་བརྟེན་ཏེ་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་ཅིང་། འདི་ནི་མལ་གྲོ་དང་སྟག་རྩེའི་ཀྲའོ་ཝ་100+ཀྲའོ་ཝ་50ཡི་འབྲོག་ལས་དང་འོད་ཤུགས་གསབ་རེས་ཀྱི་སྣ་འདུས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།