ཅི་ནན་ཧོང་ཀང་ལམ་གྱི་རྨ་ཆུའི་ཕུག་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།

ཟླ་8ཚེས་25ཉིན། ཅི་ནན་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པས་མ་འཇོག་འཛུགས་སྐྲུན་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པས་ཨར་སྐྲུན་བྱས་པའི་ཅི་ནན་ཧོང་ཀང་ལམ་གྱི་རྨ་ཆུའི་ཕུག་ལམ་བསྐྲུན་ཟིན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས། རང་རྒྱལ་གྱི་ཚངས་ཐིག་ཆེ་ཤོས་ཀྱི་ཆུ་འོག་སོར་འབིགས་ཕུག་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད། ཅི་ནན་ཧོང་ཀང་ལམ་རྨ་ཆུའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་5.75ཟིན་པའི་ནང་སོར་འབིགས་དུམ་བུར་སྤྱི་ལེ་3.3ཙམ་ཡོད་པ་དང་། ཚངས་ཐིག་སྨི་17.5ཟིན་པའི “རི་ཆུ་རྟགས་ཅན”གྱི་འབིགས་འཕྲུལ་སྤྱད་དེ་ཨར་སྐྲུན་བྱས་པ་རེད། འདི་ནི་ཟླ་8ཚེས་25ཉིན་པར་བརྒྱབ་པའི་ཅི་ནན་ཧོང་ཀང་ལམ་རྨ་ཆུའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་རྣམ་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།