རྒྱང་སྐྱོད་རྟགས་ཅན་ཨང་དྲུག་པ་ག་པའི་རྒྱང་ཚོར་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ལམ་ལྷོངས་བྱུང་བ།

ཟླ་8ཚེས་25ཉིན་གྱི་ཆུ་ཚོད་11དང་སྐར་མ་21ལ། རྒྱང་སྐྱོད་རྟགས་ཅན་ཨང་དྲུག་པ་ག་པའི་རྒྱང་ཚོར་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཤིང་། ཀྲུང་ཁོའོ་སྲུང་སྐར་14པ་དང་ཀྲུང་ཁོའོ་སྲུང་སྐར་15པ་སོགས་སྲུང་སྐར་7སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་འབྱོར་ནས། འཕུར་སྐྱོད་ཚོད་ལྟའི་ལས་འགན་ལམ་ལྷོངས་བྱུང་ཡོད་པ་དང་། ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་665པ་དེ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།