བོད་ལྗོངས་སྐྱིད་གྲོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་ཕྱོགས་མང་སྟོབས་ཤུགས་ཀྱིས་རོགས་སྐྱོབ་ལས་དོན་སྤེལ་བ།

འདི་ནི་ཟླ་8ཚེས་26ཉིན། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དིང་རི་མཐའ་མཚམས་དོ་དམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒུད་སྐྱོབ་དངོས་ཟོག་དབོར་བཞིན་པ།

འདི་ནི་ཟླ་8ཚེས་26ཉིན། གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྐྱིད་གྲོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མངགས་གཏོང་ཁང་གི་སྒར་ཁུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གུར་ཕུབ་རོགས་བྱེད་བཞིན་པ།
ཟླ་8ཚེས་26ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་20བར། བསྡོམས་རྩིས་རགས་ཙམ་བརྒྱབ་པ་བརྒྱུད། ད་རེས་ཀྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ལས་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་265འབྲེལ་བ་ཆད་པ། མི་སྣ་ཤི་རྨས་ཀྱི་ཞིབ་ཕྲའི་མི་གྲངས་ད་དུང་རྩིས་རྒྱག་བཞིན་ཡོད། མིག་སྔར་ཕྱོགས་ཁག་གི་སྟོབས་ཤུགས་མགྱོགས་མྱུར་གཅིག་སྡུད་ཀྱིས་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།