དབུ་ཤོག>པར་མཛོད།
  • མངོན་མིན་རིག་གནས་ཤུལ་བཞག“ཤོ་རྩེད”ཀྱི་ངོ་མཚར་འགྲན་བསྡུར།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-21

    ཟླ་8ཚེས་19ཉིན་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་བདམས་ཐོན་པ་ཤི་ལོག་ནོར་བུས“ཤོ་རྩེད”འགྲན་བསྡུར་བྱེད་བཞིན་པ།

    ཟླ་8ཚེས་19ཉིན“ཤོ་རྩེད”འགྲན་བསྡུར་བྱ་ཡུལ་དུ་བདམས་ཐོན་པས་ཤོ་ཕོར་བཟུང་ནས་ཤོ་མིག་ལ་ལྟ་བཞིན་པ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི“ཤོ་རྩེད”འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་དུ་གཉེར་བ་རེད། “ཤོ་རྩེད”ལ་ལོ་རྒྱུས་ཡུན་རིང་ལྡན་ལ་བློ་རིག་འགྲན་པའི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དེ་2009ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་དུ་བཅུག་ཡོད། དུས་ཚིགས་དང་ས་ཆ་ངེས་གཏན་མེད་པར་ཁྱིམ་ཚང་དང་། ཇ་ཁང་། གླིང་ཁ་བཅས་སུ“ཤོ་རྩེད”ནི་རྒན་དར་གཞོན་གསུམ་ལ་འཚམ་པའི་རྩལ་འགྲན་བྱེད་སྒོ་ཞིག་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།