དབུ་ཤོག>པར་མཛོད།
  • འགྲན་བསྡུར་འཁྲུག་ཆ་དོད། རྩལ་འགྲན་རྣམ་གྲངས་མང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-21

    ཟླ་8ཚེས་17ཉིན་དང་ཚེས་18ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་གཉིས་པར་འགོ་ཚུགས་ཤིང་། འདི་ནི་མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཚེས་19ཉིན་གྱི་སྔ་དྲོར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་བི་ཤུའི་མདའ་རྩལ་རྣམ་གྲངས་དང་རྡོ་སྒོར་རྣམ་གྲངས་དུས་གཅིག་ཏུ་འགྲན་འགོ་ཚུགས་ཤིང་། འདི་ནི་རྡོ་སྒོར་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཟླ་8ཚེས་16ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་ཆུ་རྐྱལ་རྣམ་གྲངས་ཀྱི་འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཆུ་རྐྱལ་ཁང་དུ་བྱས་ཤིང་། འདི་ནི་ཆུ་རྐྱལ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་འགྲན་བསྡུར་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། ལུས་རྩལ་པ་ཚོས་སྤྲོ་སེམས་དང་དཔའ་སྟོབས་ཆེན་པོས་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།