རྒྱལ་རྩེ་རྫོང་གིས་ཁུ་ལུ་འཐོག་པའི་འགྲན་བསྡུར་བྱས་པ།

འདི་ནི་བདམས་ཐོན་པས་གཟབ་མཆོར་སྤྲས་ནས་འགྲན་བསྡུར་གྱི་གྲ་སྒྲིག་བྱེད་བཞིན་པ།

འདི་ནི་འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའ་སྤྲོད་བཞིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས“རྒྱལ་རྩེ་སྣམ་བུའི་བུམ་པ”སྐབས་གཉིས་པའི་ཁུ་ལུ་འཐོག་པའི་འགྲན་བསྡུར་གཉེར་ཞིང་། འགྲན་བསྡུར་ཐོག་ཁུ་ལུའི་སྦོམ་ཕྲ་ཚད་ལེན་དང་། ཁུ་ལུ་འཐོག་པའི་ལག་རྩལ་ཚད་ལྡན་ཡིན་མིན། གཟུགས་དབྱིབས་ཕྱོགས་བསྡུས་ཞིབ་བསྡུར་གཏན་འབེབས་སོགས་ཚན་རིག་དང་མཐུན་པའི་ཚད་གཞི་གཞིར་བཟུང་དཔྱད་བསྡུར་བྱས་ཏེ་གསོ་ཚགས་དུད་ཚང་ཁག་ལ་གསོ་ཚགས་བྱེད་སྟངས་ལེགས་སུ་དང་ཁུ་ལུ་འཐོག་པའི་ལག་རྩལ་བྱང་ཆུབ་ཏུ་གཏོང་བར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག རྒྱལ་རྩེའི་སྣམ་བུའི་མ་བཅོས་རྒྱུ་ཆའི་སྤུས་ཚད་ལ་འགན་ལེན་བྱས་ནས། སྣམ་བུའི་ཐོན་ལས་འཁོར་འབྲེལ་གྱི་མ་བཅོས་རྒྱུ་ཆའི་རྨང་གཞི་བརྟན་དུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།