ཅང་སུའུ་ནན་ཅིང་དུ་ཁོར་ཡུག་གཙང་སྦྲ་བར“ཚ་སེལ་ཁན་སྦྱར”སྤྲད་པ།

ཉེ་ཆར། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་ཀྱིས་ཚ་བ་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་ཆེད། ཁོར་ཡུག་གཙང་སྦྲ་བ་ཚོར་ཚ་བ་སེལ་བྱེད་ཀྱི“ཚ་སེལ་ཁན་སྦྱར”སྤྲད་པ་རེད། དེའང་ཁན་སྦྱར་གྱི་རྐེད་པའི་གཞོགས་གཉིས་སུ་རླུང་གཡབ་ཆུང་ངུ་རེ་བསྒར་ཡོད་པ་དེས་ལུས་པོའི་རྔུལ་ཆུ་ཡག་པོ་སྐམ་ནས་ཚ་བ་སེལ་ཏེ་ཁོར་ཡུག་གཙང་སྦྲ་བ་ཚོར་གནམ་གཤིས་ཚ་བ་ཆེ་དུས་གྲང་ཐིང་ཐིང་གི་ཚོར་སྣང་སྟེར་གྱི་ཡོད། འདི་ནི“ཚ་སེལ་ཁན་སྦྱར”གྱོན་པའི་ཁོར་ཡུག་གཙང་སྦྲ་བས་ལས་ཞོར་དུ་ངལ་གསོ་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།