ས་མཐོར་ཕུགས་འདུན་དོན་དུ་གཉེར། གཟི་བརྗིད་གྲུབ་འབྲས་གཡུར་དུ་ཟ།
—— 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་ལྷ་ས་སྐོར་བའི་འགྲན་བསྡུར་གྱི་ཟུར་བཀོད།

འདི་ནི་རྐང་འཁོར་བཞོན་མཁན་120ལྷག་ཙམ་འགྲན་བསྡུར་འགོ་འཛུགས་ས་ནས་ཐོན་བཞིན་པ།

འདི་ནི་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་འཁྲུག་་པོ་བྱེད་བཞིན་པ།

འདི་ནི་རྐང་འཁོར་བཞོན་མཁན་ཚོས་ལྷ་ས་སྐོར་བའི་འགྲན་བསྡུར་ཁྲོད་ཤེད་ཤུགས་གང་ཡོད་བཏོན་ནས་འགྲན་བསྡུར་བྱེད་བཞིན་པ།
ཟླ་8ཚེས་4ཉིན་གྱི་སྔ་དྲོར། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་འགྲན་དུམ་གསུམ་པའི་ལྷ་ས་སྐོར་བའི་འགྲན་བསྡུར་བྱས་ཤིང་། རྐང་འཁོར་རུ་ཁག་18ཀྱི་ལུས་རྩལ་པ་120ལྷག་ཙམ་གྱིས་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། འགྲན་དུམ་འདིའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་PERSICO Davide(MBHདངུལ་ཁང-CSBགློག་འཕྲིན་ལས་རིགས་རུ་ཁག)དང་། CETTOLIN Filippo(པ་ཏི་ཡ་ཉི-CSF 7 S-berལས་རིགས་རུ་ཁག) CATALDO Lorenzo(CHERMINཆེར་མན་ཀྲོའུ་ཅི་རུ་ཁག)བཅས་ལ་སོ་སོར་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།