པར་རིས་གསར་འགྱུར།

ཉེ་ཆར“ཅའོ་ཕིང་རྟགས་ཅན་དང་པོའི” ཚངས་ཐིག་ཆེ་ཤོས་ཀྱི་འབིགས་འཕྲུལ་གྱི་གྲི་གཞོག་དལ་བུར་སྐོར་བ་དང་ཆབས་ཅིག་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་སྐྲུན་འགན་འཁུར་བའི་རང་རྒྱལ་གྱི་ཚངས་ཐིག་ཆེ་ཤོས་ཀྱི་ས་གནོན་སྙོམས་སྒྲིག་འབིགས་འཕྲུལ་སྤྱད་པའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ—ཅའོ(ཙུའོ)ཕིང(ཏིང་ཧྲན)ལྕགས་ལམ་མང་ཧྲན་ཕུག་ལམ་དེ་འབིགས་འཕྲུལ་གྱིས་འདྲུ་བའི་དུས་མཚམས་སུ་དངོས་སུ་སླེབས་ཡོད། ཅའོ་ཕིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཧོ་ནན་གྱི་ཅའོ་ཙུའོ་དང་། ཅིས་ཡོན། ལུའོ་དབྱང་། ཕིང་ཏིང་ཧྲན་བཅས་ས་གནས་བཞི་པོ་སྦྲེལ་ཏེ་ཀྲེང་ཤིས་མྱུར་བགྲོད་ལྕགས་ལམ་དང་ལམ་བཞི་མདོ་ཆགས་ནས་ཧོ་ནན་གྱི“ལྟེ་བ་ནས་ཕྱོགས་བཞིར་ཁྱབ་པའི”མྱུར་བགྲོད་ལྕགས་ལམ་གྱི་དྲ་བ་དང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་སྟེ། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ནུས་ཆེན་པོ་སྣོན་རྒྱུ་རེད། འདི་ནི་འབིགས་འཕྲུལ་གྱིས་ཕུག་ལམ་འདྲུ་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ཞ་ཅིན་རྫོང་གིས་གྲོང་ཁུལ་གྱི་རིམ་བཞིའི་ཏང་དམངས་རྟེན་གཞི་གཏོད་ནས་ལས་བྱེད་པ་དང་། མི་སྣ། དམངས་ཕན་ཞབས་ཞུ་བཅས་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་བཏང་བ་དང་། ས་ཁོངས་ཧྲིལ་པོར་རྐང་ཐང་མར་སྐར་མ་བཅུ་ལས་སྐྱོད་མི་དགོས་པ་དང་། བྱེད་ནུས་ཆ་ཚང་བ། གོང་འོག་མཉམ་འགུལ་བཅས་ཀྱི་ཏང་དམངས་ཞབས་ཞུའི་མ་ལག་བཏོད་པ། སྲིད་དོན་ཚབ་གཉེར་དང་། འགལ་བ་འདུམ་འགྲིག རྒན་གསོ་བུ་བཅོལ། རིག་གནས་བྱེད་སྒོ། དང་བླངས་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་བསྒྲུབས་པ་ལས་དམངས་ལ་སྟབས་བདེ་དང་ཕན་པ་ནུས་ལྡན་ཐོབ་ཡོད། འདི་ནི་ཏེ་ཀྲོའུ་གྲོང་ཁྱེར་ཞ་ཅིན་རྫོང་ཤང་ཀྲའོ་ཀྲོང་གྲོང་རྡལ་ཏང་འཛུགས་སྐྱོང་ཕྱོགས་བསྡུས་རྟེན་གཞིར་ལས་དོན་པས་མང་ཚོགས་ལ་མ་མཐའི་འཚོ་བ་འགན་ལེན་གྱི་ལས་སྒོ་གཉེར་བཞིན་པ།
འབྲེལ་ཡོད་གསར་འགྱུར།