སྔ་སྨིན་འབྲས་བསྡུ་འགོ་ཚུགས་པ།

ཉེ་དུས། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ཀྱི་མུའུ་ཁྲི་2ལྷག་ཙམ་གྱི་སྔ་སྨིན་འབྲས་བསྡུ་བའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད། ས་གནས་ཁག་གི་ཞིང་དུད་དང་ཞིང་འཕྲུལ་ཞབས་ཞུ་རུ་ཁག་གིས་གནམ་བསིལ་བ་དང་ཆར་ཆུ་ཉུང་བའི་གནམ་གཤིས་དང་བསྟུན་ནས། ཞིང་འཕྲུལ་གྱི་སྒྲིག་ཆས་ལུགས་མཐུན་བཀོད་གཏོང་དང་། ཡུག་ཁུལ་དབྱེ་ནས་བརྔ་བསྡུའི་ལས་ཀ་རེས་མོས་ཀྱིས་བསྒྲུབས་ཏེ་ཁུལ་ཡོངས་ཀྱི་དབྱར་འབྲུ་བརྔ་བསྡུའི་ལས་ཀ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད། འདི་ནི་བརྔ་བསྡུ་འཕྲུལ་འཁོར་གྱིས་བརྔས་མ་ཐག་པའི་སྔ་སྨིན་འབྲས་རླངས་འཁོར་ནང་བླུག་བཞིན་པ།
འབྲེལ་ཡོད་གསར་འགྱུར།