བློ་སེམས་གཅིག་ཏུ་བསྒྲིལ་ནས་ཕུགས་འདུན་གཏོད། སྒྱུ་རྩལ་སྟོན་མོ་བཤམས་ནས་རྣམ་གསར་མངོན།
བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་ལྷ་སར་འགོ་ཚུགས་པ།

བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་འགོ་ཚུགས་ཟློས་གར་ཆེན་མོ་བོད་ལྗོངས་དང་ཀོང་ཏུང་གི་ལོ་རྒྱུས་སྙན་ངག་ཟློས་གར《ཨམ་བན་ཀྲང་ཏཱ་རེན》ཞེས་པ་འཁྲབ་ཡུལ་ཡིན་པ།

འགོ་ཚུགས་མཛད་སྒོའི་ཐོག་གི་བོད་ལྗོངས་དང་ཀོང་ཏུང་གི་ལོ་རྒྱུས་སྙན་ངག་ཟློས་གར《ཨམ་བན་ཀྲང་ཏཱ་རེན》ཞེས་པ་འཁྲབ་བཞིན་པ།

འགོ་ཚུགས་མཛད་སྒོའི་ཐོག་གི་བོད་ལྗོངས་དང་ཀོང་ཏུང་གི་ལོ་རྒྱུས་སྙན་ངག་ཟློས་གར《ཨམ་བན་ཀྲང་ཏཱ་རེན》ཞེས་པ་འཁྲབ་བཞིན་པ།
ཚེས་26ཉིན་གྱི་དགོང་མོར། “བློ་སེམས་གཅིག་ཏུ་བསྒྲིལ་ནས་ཕུགས་འདུན་གཏོད། སྒྱུ་རྩལ་སྟོན་མོ་བཤམས་ནས་རྣམ་གསར་མངོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་ལྷ་སར་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་བོད་ལྗོངས་དང་ཀོང་ཏུང་གི་ལོ་རྒྱུས་སྙན་ངག་ཟློས་གར《ཨམ་བན་ཀྲང་ཏཱ་རེན》ཞེས་པ་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་སྲོལ་གསར་གཅིག་ཏུ་འདུས་པའི་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ཟློས་གར་དེ་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ཀོང་ཏུང་ཟློས་གར་ཁང་གིས་མཉམ་དུ་འཁྲབ་པ་ཞིག་ཡིན་ཞིང་། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཆེན་པོ་ལྷ་མོ་དང་ཀོང་ཏུང་ཟློས་གར་གཉིས་གར་སྟེགས་གཅིག་ཏུ་ཐོག་མར་མཉམ་འདྲེས་དུ་འཁྲབ་ནས་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་དང་མཐུན་འགྲོགས་མཉམ་གནས་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པས“སྒྱུ་རྩལ་གྱི་འདུ་ཚོགས་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན”དམིགས་ཡུལ་དུ་བཅངས་ནས་མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། མཐའ་སྲུང་མཐའ་བརྟན་བཅས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བཞིན་བཞག་ཏེ། སྒྱུ་རྩལ་གསར་རྩོམ་བྱས་ནས་ས་མཐོའི་ཁྱད་ལྡན་རིག་གནས་ཀྱི་ངོ་མཚར་གར་སྟེགས་ཐོག་ངོམས་ཐུབ་པ་དང་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་རིག་གནས་ཀྱི་འགྲེམས་འཁྲབ་ལས་སྟེགས་བཙུགས་ཡོད། བྱེད་སྒོའི་དུས་ཚོད་ནི་ཟླ་7ཚེས་26ཉིན་ནས་ཟླ་8ཚེས་22ཉིན་བར་ཡིན་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། ཟློས་གར་ཁང་དང་། ཐང་ཆེན། འགྲེམས་ཁང་བཅས་གནས་མང་པོ་མཉམ་འགུལ་གྱིས་ལྗོངས་ནང་ཁུལ་གྱི་རིམ་ཁག་རིག་རྩལ་ཁང་དང་ཚོགས་པ་དང་། ཞིང་འབྲོག་པའི་འཁྲབ་སྟོན་རུ་ཁག མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སོགས་རིག་རྩལ་གྱི་རྐང་འཛིན་པ་གཅིག་ཏུ་འདུས་ཡོད་པ་མ་ཟད། ལྗོངས་ཕྱིའི་ཕུལ་བྱུང་རིག་རྩལ་ཚོགས་པ་བོད་དུ་སྤེལ་རེས་འཁྲབ་སྟོན་བྱེད་པར་ཡང་གདན་དྲངས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་བྱེད་སྒོར་ཞུགས་པ་དང་ཆབས་ཅིག དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།