གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་བྱུང་བ།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་མི་སྟོང་གི་སྒོར་གཞས་འཁྲབ་སྟོན་བྱེད་སྒོའི་ཐོག་ས་ཁུལ་ཁག་གི་འཐུས་མི་ཚོགས་པས་ཁྱད་ལྡན་འཁྲབ་སྟོན་བྱེད་བཞིན་པ།

ལྟད་མོ་བ་ཞིག་གིས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དུ“ས་གཞི་ཆེ་མོའི་ཉམས་འགྱུར—2025ལོའི་ཞིང་པའི་རི་མོའི་འགྲེམས་སྟོན་ཆེ་མོར”ལྟ་སྐོར་བྱེད་བཞིན་པ།

ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཕིང་ནན་རྫོང་ཧྲོའུ་ཧྲན་ཤང་ཧྲོའུ་ཧྲན་གྲོང་ཚོའི་སྦྲག་བསྐུར་ས་ཚིགས་རིག་གནས་བརྗོད་དོན་གཙོ་བོའི་ཇ་ཁང་ཞིག་ནང་ཡུལ་སྐོར་བས་སྒྲོམ་སྟེགས་ཀྱི་དཀར་ཡོལ་སྣ་ཚོགས་ལ་ལྟ་བཞིན་པ།

ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཆིའུ་དབྱི་གྲོང་རྡལ་ཆིའུ་ཨར་གྲོང་ཚོའི་རིག་གནས་ཚོགས་ཁང་དུ་འཁྲབ་སྟོན་པས་ཡུས་ཅུས་ཟློས་གར་འཁྲབ་བཞིན་པ།

ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ཤིས་ཧྲུའེ་རྫོང་ལན་ཤིས་གྲོང་རྡལ་གྱི་རྒན་རྒོན་སློབ་གྲྭའི་བྱེད་སྒོ་ཁང་དུ་རྒན་རྒོན་ཚོས་ཞབས་བྲོ་སྦྱོང་བཞིན་པ།

ནང་སོག་རང་སྐྱོང་ལྗོངས་ཨེར་ཏོ་སི་གྲོང་ཁྱེར་དུ“གྲོང་གསེབ་ཀྱི་སྙན་དབྱངས”ཞེས་པའི་མཉམ་འཁྲབ་བྱེད་སྒོར་འཁྲབ་སྟོན་པས་འཁྲབ་སྟོན་བྱེད་བཞིན་པ།

ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ལུང་ནན་གྲོང་ཁྱེར་དབྱང་ཚུན་གྲོང་ཚོར་དབྱང་ཚུན་གྱི་ཆང་མ་ཞིག་གིས་འབྲས་ཆང་སྙོལ་བཞིན་པ།

ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཏ་ཧོ་ཤང་གི་ཧྲེན་ལུའུ་སྤྱི་གླིང་རྩྭ་ཐང་དུ་འབྲོག་པས་ཐག་པ་འཐེན་བཞིན་པ།

ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་སྡེར་ཡུལ་མི་ཚོས་སྒོ་ཁར་མགྲོན་བསུའི་མཛད་སྒོ་འཚོག་བཞིན་པ།

ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་ཞུས་ཚུན་གྲོང་རྡལ་ཞུས་ཚུན་གྲོང་ཚོའི་ཡུལ་མི་ཚོས་ཉ་དབྱིབས་ལྒང་བཞུ་ཁྱེར་ནས་འཁྲབ་སྟོན་བྱེད་བཞིན་པ།

ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་ཚའེ་ཅི་གྲོང་རྡལ་ཉིའུ་ཅའོ་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་དུ་ཀློག་པ་པོས་དཔེ་ཆ་ལྟ་བཞིན་པ།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཟུགས་བརྙན་བཟང་པོ་གཏོད་དགོས་ལ་བླ་སྲོག་བརྟན་པོ་ཡང་བསྐྲུན་དགོས། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང“‘རིག་རྩལ་ལ་བརྟེན་ནས་གྲོང་གསེབ་ཀྱི་གཟུགས་བརྙན་དང་བླ་སྲོག་གཏོད་པར’སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་དགོས”ཞེས་པ་བཏོན་ཡོད། གྲོང་གསེབ་ཀྱི་རིག་གནས་ཕྲ་ཞིབ་ལས་ང་ཚོས་གྲོང་གསེབ་ཀྱི་ངོ་མཚར་མཐོང་ཐུབ་ལ་དེའི་ནང་སྙིང་རྟོགས་ཐུབ་ཀྱི་ཡོད།
གྲོང་གསེབ་ཀྱི་རིག་གནས་ལ་ལོ་ངོ་སྟོང་གི་ཞིང་ལས་ཤེས་དཔལ་གྱི་ཉམས་འགྱུར་ལྡན་པ་མ་ཟད། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རིང་དེང་རབས་ཀྱི་དགོས་མཁོ་དང་འཚམ་པའི་རིག་གནས་ཀྱི་གཞི་རྒྱུ་ཡང་ལྡན་ཡོད། རིག་རྩལ་ལ་བརྟེན་ནས་གྲོང་གསེབ་ཀྱི་གཟུགས་བརྙན་གཏོད་པ་ནི“གྲོང་གསེབ་མཛེས་སྡུག་ལྡན་པར་འགྱུར་བ”ཙམ་མ་ཡིན་པར་གྲོང་གསེབ་རིག་གནས་ཀྱི་དཔལ་འབྱོར་རིན་ཐང་དང་སྤྱི་ཚོགས་རིན་ཐང་སྔར་བས་གང་ལེགས་བཏོན་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།