དང་བླངས་ཞབས་འདེགས་ཞུས་ནས་གཞོན་ནུའི་ཕུགས་འདུན་སྒྲུབ་པ།

ཉེ་ཆར། ཧྥུའུ་ཏན་སློབ་ཆེན་ནན་ཧྲན་ཀུའུ་དང་བླངས་ཞབས་ཞུའི་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཀྲུང་ཡས་ཤང་སློབ་ཆུང་དུ་བསྐྱོད་དེ་ཤང་དེའི་ལོ་ཆུང་གདོང་ལེན་རུ་མི་ཡོངས་ལ་ཆུ་ཤུགས་མེ་མདའི་དབྱིངས་ཞུགས་རྣམ་པའི་ཚན་རིག་ཚོད་ལྟའི་སློབ་ཚན་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་ཚན་རིག་ཁྱབ་གདལ་ལག་ལེན་ཁྲོད་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་བློ་སྒོ་འབྱེད་པ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། མཉམ་འགུལ་སྤེལ་རེས་དང་ལག་འགུལ་ལག་ལེན་ཁྲོད་ཚན་རིག་གི་ས་བོན་བཏབ་སྟེ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིའི་ཕུགས་བསམ་ཆེན་པོ་འགྲུབ་པར་ཁྲིད་སྟོན་བྱས་ཡོད། འདི་ནི་ཚན་རིག་ཚོད་ལྟའི་སློབ་ཚན་འཚོག་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།