ཟླ་7ཚེས་9ཉིན་འཛད་སྤྱོད་པས་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་ཀྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཚོང་ཟོག་རྩིས་རྒྱག་བཞིན་པ།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་7ཚེས་9ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ལོ་གོང་མའི་དུས་མཚུངས་ལས་1.0%འཕར་བ་དང་། ཟླ་6པར་CPIདུས་མཚུངས་ལས་1.0%འཕར་ནས་ཟླ་གོང་མ་ལས་0.3%ཆག་པ། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་ཕུད་པའི་ལྟེ་བའི་CPIདུས་མཚུངས་ལས་1.0%འཕར་ནས་མུ་མཐུད་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད།འདི་ནི་ཟླ་7ཚེས་9ཉིན་འཛད་སྤྱོད་པས་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་ཀྱི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཚོང་ཟོག་རྩིས་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།