དབུ་ཤོག>པར་མཛོད།
  • རྩྭ་ཐང་དུ་མཉམ་འཛོམས་བྱེད། སྤྲོ་སྣང་གི་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-16

    ཉེ་ཆར་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཉིས་པ་འགོ་ཚུགས་ཤིང་། སྐབས་འདིའི་རིག་གནས་དང་ཡུལ་སྐོར་དུས་ཆེན་ནང་རྟ་རྒྱུག་དང་། རྟ་རྩལ། རྟ་ཐོག་མདའ་འཕེན་སོགས་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར་ཡོད་པ་མ་ཟད། རྡོ་འགྱོགས་པ་དང་ཐག་འཐེན་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱང་ཡོད་ཅིང་། དེ་དང་ཆབས་ཅིག་མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་འཁྲབ་སྟོན་བྱས་པ་དང་མང་ཚོགས་རང་བཞིན་གྱི་རིག་རྩལ་སྐོང་འཁྲབ་སོགས་བྱས་ཏེ་ནག་ཆུའི་ཡུལ་སྲོལ་རྣམ་པ་ཕྱོགས་མང་པོ་ནས་མངོན་པར་བྱས་ཡོད། འདི་ནི་རིག་གནས་དང་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།