ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ
ཆུ་སྣེ་དྲངས་ནས་སྡོང་ཕྲུག་སྐྱོང་། སྔོ་ལྗང་གཡུ་ལོས་ས་མཐོ་བརྒྱན།

འདི་ནི་རང་འགུལ་ཆུ་གཏོར་མ་ལག་གིས་སྡོང་ཕྲུག་ལ་ཆུ་གཏོར་བཞིན་པ།

འདི་ནི་ལས་དོན་པས་ཆུ་གཏོར་སྒྲིག་ཆས་ཁྱེར་ནས་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་པ།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་ལས་གྲྭ་དང་དམངས་སེམས་ལས་གྲྭ་ཞིག་རེད། ཉིན་ཤས་བསྟུད་མར། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ཆ་དངོས་ལ་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཡོད། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དཔལ་ལྡན་བསམ་གྲུབ་ཡུག་ཁུལ་དུ་ལས་དོན་པས་ཆུ་གཏོར་སྒྲིག་ཆས་ཁྱེར་ནས་སྡོང་ཕྲུག་ལ་གོ་རིམ་ལྡན་པའི་ངང་ཆུ་རྒྱག་པ་དང་ཆབས་ཅིག རང་འགུལ་ཆུ་གཏོར་མ་ལག་གིས་ཡུག་གཅིག་ཏུ་སྦྲེལ་བའི་སྡོང་ཕྲུག་ལ་ཆུ་གཏོར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།