ཨ་ཁ་མོའི་འཛམ་གླིང་བུམ་པའི་རུ་ཁག་རྩེ་གྲས་བཞི་ཐོན་པ།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་11ཉིན། ཨ་རིའི་ཁན་སཱ་སི་གྲོང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་གྲལ་འབུད་འགྲན་བསྡུར་གྱི་བཞི་ཐོན་མཐའ་བསྡུར་ནང་། ཨ་ཀེན་ཐིན་རུ་ཁག་གིས་བསྡུར་གྲངས་3∶1ཐོག་ནས་སུའེ་ཙེར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཕྱེད་མཐའ་བསྡུར་ནང་ཚུད་ཅིང་། འདི་ནི་ཟླ་7ཚེས་11ཉིན་ཨ་ཀེན་ཐིན་རུ་ཁག་གི་རུ་མི་ཧུའུ་ལི་ཨན·ཨར་ཝ་ལེ་སི(གཡོན་གྱི་གཉིས་པ)ཡིས་དུས་བསྣར་ཡང་བསྡུར་ནང་རང་རུ་ཁག་གི་སྤོ་ལོ་གཉིས་པ་བླུགས་རྗེས་དགའ་འབོད་བྱེད་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་10ཉིན། ཨ་རིའི་ལུའོ་ཧྲན་ཅིའི་ལུས་རྩལ་ཐང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་གྲལ་འབུད་འགྲན་བསྡུར་གྱི་བཞི་ཐོན་མཐའ་བསྡུར་ནང་སི་ཕེན་རུ་ཁག་གིས་བསྡུར་གྲངས་2∶1ཐོག་ནས་པེར་ཀྲེམ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཕྱེད་མཐའ་བསྡུར་ནང་ཚུད་ཅིང་། འདི་ནི་ཟླ་7ཚེས་10ཉིན་སི་ཕེན་རུ་ཁག་གི་རུ་མི་མེ་ལི་ནུའོ(གཡོན་གྱི་གཉིས་པ)ཡིས་སྤོ་ལོ་བླུགས་རྗེས་དགའ་འབོད་བྱེད་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་9ཉིན། ཨ་རིའི་པོ་ཧྲི་ཏུན་ལུས་རྩལ་ཐང་དུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་གྲལ་འབུད་འགྲན་བསྡུར་གྱི་བཞི་ཐོན་མཐའ་བསྡུར་ནང་ཧྥ་རན་སེ་རུ་ཁག་གིས་བསྡུར་གྲངས་2∶0ཐོག་ནས་མོ་རོ་ཁོ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་རྩེ་གྲས་བཞིའི་གྲས་སུ་ཚུད་ཅིང་། འདི་ནི་ཟླ་7ཚེས་9ཉིན་ཧྥ་རན་སེ་རུ་ཁག་གི་རུ་མི་མུའུ་པཱ་ཕེ་ཡིས་སྤོ་ལོ་བླུགས་རྗེས་དགའ་འབོད་བྱེད་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་11ཉིན། ཨ་རིའི་མའེ་ཨ་སྨི་རུ་སྤེལ་བའི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་གྲལ་འབུད་འགྲན་བསྡུར་གྱི་བཞི་ཐོན་མཐའ་བསྡུར་ནང་དབྱིན་ཀེ་ལན་རུ་ཁག་གིས་བསྡུར་གྲངས་2∶1ཐོག་ནས་ནོར་ཝེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཕྱེད་མཐའ་བསྡུར་ནང་ཚུད་ཅིང་། འདི་ནི་ཟླ་7ཚེས་11ཉིན་དབྱིན་ཀེ་ལན་རུ་ཁག་གི་རུ་མི་ཧ་ལི·ཁའེ་ཨེན(གཡས)དང་ཆིའུ་ཏེ·པེ་ལིན་ཨེ་མུའུ་ཡིས་འགྲན་བསྡུར་ཚར་རྗེས་དགའ་འབོད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།