སྲོག་ཆགས་ལ་གཅེས་སྤྲས།

བྲང་སེར་ཁང་བྱིའུ་ནི་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཤིག་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། འདི་ནི་ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་ནེན་ཅང་གཙང་པོ་རྒྱུག་ཁུལ་གྱི་འདམ་ར་ནས་པར་བླངས་པའི་བྲང་སེར་ཁང་བྱིའུ་ཡིན་པ།

འདི་ནི་ཧེ་ལུང་ཅང་ཤན་ཏུང་རི་བོའི་ཤྭ་བ་ཁྲ་རིས་ཀྱི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་ཤྭ་བ་ཁྲ་རིས་སྦྲང་ཆར་ཁྲོད་བག་ཕེབས་དལ་བགྲོད་བྱེད་བཞིན་པ།

མིག་སྔར་ཧེ་ལུང་ཅང་ནན་ཝུང་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྔོ་ཐིང་ཐིང་དུ་གྱུར་ཡོད་པ་དང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཅི་དགར་རོལ་བཞིན་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། འདི་ནི་ཧེ་ལུང་ཅང་ནན་ཝུང་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་རའི་ཁུལ་དུ་ཤྭ་བ་བག་ཕེབས་ངང་འཚོ་བཞིན་པ།

འདི་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་འདམ་རའི་ཁྲུང་ཁྲུང་སྐེ་ནག་དང་དེའི་བྱ་ཕྲུག་ཡིན་པ།

འདི་ནི་དབྱིན་ཇིའི་པོ་ཁིན་ཧེ་ཏི་གྲུ་ཁ་གསར་པའི་ཕྱེ་ལེབ་སྤྱི་གླིང་ནས་པར་བླངས་པའི་ཕྱེ་མ་ལེབ་ཡིན་པ།

འདི་ནི་ཆིན་ལིང་དོམ་ཁྲའི་ཧྥོ་ཕིང་རོགས་སྐྱོབ་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་ནང་དོམ་ཁྲ་ཞིག་གིས་སྨྱུག་རྩ་ཟ་བཞིན་པ།

འདི་ནི་ཧན་ཀྲུང་གྲོང་ཁྱེར་ཆིན་ལིང་སྤྲེའུ་སྤུ་སེར་ཧྥོ་ཕིང་རོགས་སྐྱོབ་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་ཉེ་འགྲམ་དུ་ཡོད་པའི་རི་སྐྱེས་སྤྲེའུ་སྤུ་སེར་ཞིག་ཆུ་འགྲམ་ནས་སྐྱོད་བཞིན་པ།

འདི་ནི་ཨུ་རུ་སུའི་ཤིས་པོ་ལི་ཡ་གསར་པའི་ལོ་སི་ཅི་སི་ལཱ་ཧྥུའུ·ཤིས་ལོ·ཤིས་པོ་ལི་ཡ་གསར་པའི་སྲོག་ཆགས་གླིང་ནས་པར་བླངས་པའི་བྱང་སྣེའི་དོམ་དཀར་ཀེར་ཏ་དང་དེའི་དོམ་ཕྲུག་ཡིན་པ།

འདི་ནི་ཨུ་རུ་སུའི་ཤིས་པོ་ལི་ཡ་གསར་པའི་ལོ་སི་ཅི་སི་ལཱ་ཧྥུའུ·ཤིས་ལོ·ཤིས་པོ་ལི་ཡ་གསར་པའི་སྲོག་ཆགས་གླིང་ནས་པར་བླངས་པའི་2026ལོའི་ཟླ་4པར་སྐྱེས་པའི་གཟིག་ཕྲུག་ཡིན་པ།

འདི་ནི་འཇར་མན་གྱི་ཐའོ་ནུའུ་སི་ས་ཁུལ་ནས་པར་བླངས་པའི་ཤྭ་བ་ཁྱུ་ཡིན་པ།
འབྲེལ་ཡོད་གསར་འགྱུར།