དབུ་ཤོག>པར་མཛོད།
  • གཏམ་རྒྱུད་ཡག་པོ་མཉམ་སྤྱོད་བྱེད། དུས་རབས་གསར་པར་བྱས་རྗེས་འཇོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-10

    ཉེ་ཆར། 2026ལོའི“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་ཡིད་འོང་། བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གི་རྗེས་སུ་འབྲངས། བྱ་བ་དངོས་བསྒྲུབས་ནས་ལོ་ལྔ་ཚན་བཅོ་ལྔ་པར་བྱས་རྗེས་འཇོག”ཅེས་པའི་ལྷ་ས་གྲོང་ཁྱེར་གྱི་ལས་བཟོའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་བྱས་པ་རེད།དུས་ཡུན་ཉིན་གཉིས་ཀྱི་ཐོག་མའི་འགྲན་བསྡུར་ནས་གདམ་གསེས་བྱས་མཐར་འཐབ་ཕྱོགས་ཁག་ནས་ཡོང་བའི་ཕུལ་བྱུང་ལས་བཟོ་15མཐའ་བསྡུར་ལ་ཚུད་པ་རེད། འགྲན་ཞུགས་བདམས་ཐོན་པ་ཚོས་གཞི་རིམ་གྱི་ལས་གནས་སུ་གཞི་ཚུགས་པ་དང་བརྙན་པར་དང་ཟུང་འབྲེལ་གྱིས་གཏམ་བཤད་སྤེལ་ཏེ། གསོན་ཉམས་དོད་པའི་འཐབ་ས་དང་པོའི་འབད་འཐབ་གཏམ་རྒྱུད་ལ་བརྟེན་ནས་ས་མཐོར་གཞི་ཚུགས་པ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་པ་བཅས་ཀྱི་ལྷག་བསམ་རྣམ་དག་གི་ཐོག་མའི་བསམ་འདུན་མངོན་པར་བྱས་ཡོད།འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།