དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • “མཁའ་ལམ”དང་ལྷན་དུ་འགྲོགས་པའི་བུ་མོ་ཆུང་ཆུང་ཞིག་གི་མི་ཚེའི་འགྱུར་ལྡོག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-09

    འདི་ནི་ཉི་མ་ལྷ་མོ་ཡིན་པ།

    འདི་ནི་ཉི་མ་ལྷ་མོ(གཡས)ཡིས་ལག་ཏུ་ལོ་20ཡི་གོང་བརྒྱབ་པའི་འདྲ་པར་ཞིག་ཉར་ནས། ཨ་མ་པད་མ་ལྷ་མོ་དང་སྔོན་མའི་པར་རྒྱག་སར་བསྡད་དེ་མེ་འཁོར་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།

    2006ལོའི་ཟླ་7ཚེས་1ཉིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཡོད། མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ཙམ་ལ། བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོའི་ལྕགས་ལམ་རྒྱུད་དུ་མེ་འཁོར་ཞིག་ཡངས་པའི་རྩྭ་ཐང་བརྒྱུད་དེ་དལ་གྱིས་སྐྱོད་བཞིན་ཡོད།

    ལོ་3ལ་སླེབས་པའི་བུ་མོ་ཉི་མ་ལྷ་མོས་རང་ཉིད་ཀྱི་ཨ་མ་པད་མ་ལྷ་མོར་གྱོན་གོས་འཁྲུད་རོགས་བྱེད་བཞིན་ཡོད་པ་དང་། མེ་འཁོར་གྱི་སྒྲ་ཐོས་མ་ཐག་ཉི་མ་ལྷ་མོས་ཨ་མའི་རྒྱབ་ནས་བསྐྱོར་ཏེ་ཐག་རིང་དུ་བཞུད་བཞིན་པའི་མེ་འཁོར་དེར་ལྟ་བཞིན་ཡོད་ཅིང་། ངང་ཚུལ་དེ་གསར་འགོད་པས་མཐོང་ནས་འཕྲལ་མར་པར་དུ་བླངས། དེ་ནས་བཟུང་བུ་མོ་ཆུང་ཆུང་དེ་དང་མཚོ་བོད་ལྕགས་ལམ་གྱི་གཏམ་རྒྱུད་ཀྱི་སྒོ་འཕར་ཕྱེ་བ་རེད།

    ཕྱིས་སུ་ཉི་མ་ལྷ་མོ་ལྷ་སར་སློབ་གྲྭ་འགྲིམ་སྐབས། ཁྱིམ་དང་སློབ་གྲྭའི་དབར་རྟག་ཏུ་མེ་འཁོར་ལ་སྡོད་ཀྱི་ཡོད། ད་ཆ་ཁོ་མོ་སྔོན་མ་ནང་བཞིན་མེ་འཁོར་ལ་ཡ་མཚན་མི་སྐྱེ་བར་དེ་ལས་ལྡོག་སྟེ་རྒྱུས་མངའ་ཆེན་པོ་ཆགས་ཡོད། 2022ལོར་ཁོ་མོ་ཅང་སུའུ་ཡི་མཐོ་སློབ་ཅིག་ཏུ་རྒྱུགས་འཕྲོད་པ་དང་། དེ་དུས་ཀྱང་མེ་འཁོར་ལ་བསྡད་དེ་ཅང་སུའུ་རུ་སྐྱོད་ཐེངས་དང་པོ་ཡིན་པས་སེམས་ལ་རེ་བས་ཁེངས་ཡོད། ཁོ་མོས“མེ་འཁོར་ལ་སྡོད་ཐེངས་རེ་རེ་ལས་ང་རང་ཡང་རིམ་བཞིན་ཕ་ཡུལ་ཁོ་ནར་ཞེན་པའི་བུ་མོ་ཆུང་ཆུང་ཞིག་ནས་ཕུགས་འདུན་དོན་དུ་གཉེར་མཁན་ཞིག་ཏུ་འཚར་ལོངས་བྱུང”ཞེས་བཤད།

    2025ལོའི་ཟླ་9པར། ཉི་མ་ལྷ་མོ་འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་སྣེ་ཤན་པ་ཞིག་ཆགས། རང་ཉིད་ཀྱི་བུ་མོ་རྩྭ་ཐང་སྟེང་གི་ཧ་གཉིད་མི་གོ་བའི་ཕྲུ་གུ་ཞིག་ནས་གཞི་རིམ་གྱི་སྨན་དོན་ལས་དོན་པར་གྱུར་པ་མཐོང་སྐབས། པད་མ་ལྷ་མོས“མཚོ་བོད་ལྕགས་ལམ་གྱིས་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་མི་ཚེར་འགྱུར་ལྡོག་གཏོང་བའི་གོ་སྐབས་གསར་པ་མང་པོ་སྦྱིན་ཡོད”ཅེས་མྱོང་བ་ཟབ་མོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།