དབྱར་སར་སྤོས་པ།

འདི་ནི་སི་ཆེན་པ་ཐེར་ཁྱིམ་གྱི་འབྲོག་པའི་སྤྲོ་སྐྱིད་ཁང་གི་ཉེ་འགྲམ་གྱི་རྩྭ་རའི་ཐོག་རྟ་ཁྱུ་རྩྭ་ཟ་བཞིན་པ།

འདི་ནི་སི་ཆི་ཀེ་མཱ་ཡིས་གུར་ཕུབ་བཞིན་པ།
ཉིན་བཅུ་གྲངས་སྔོན་དུ་ནང་སོག་རང་སྐྱོང་ལྗོངས་ཨ་ལུའུ་ཁོར་ཆིང་ཆི་པ་ཡན་དབུན་ཏུར་སུའུ་མུའུ་ཧྲ་རི་པའོ་ཐེ་ཀ་ཁྲའི་འབྲོག་པ་སི་ཆེན་པ་ཐེར་གྱི་ནང་མི་ཚོས་དབྱར་སར་གུར་མང་པོ་ཞིག་ཕུབ་ཡོད། ཁོང་ཁྱིམ་གྱིས་2022ལོ་ནས་བཟུང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉེར་འགོ་ཚུགས་པ་དང་། ལོ་དེ་དག་རིང་ཚོང་རྒྱུག་པོ་བྱུང་བས་ཡོང་འབབ་ཀྱང་ཇེ་མང་དུ་སོང་། སི་ཆེན་པ་ཐེར་གྱི་བུ་པུ་རིང་ཏ་ལའེ་ཆིའི་སྨན་ཁང་དུ་ལས་ཀར་འགྲོ་བ་དང་ད་ལོ་བཟའ་ཟླ་སུའུ་རི་ཀུའུ་ཀ་དང་མཉམ་དུ་དབྱར་སར་སྤོས་ཡོད། ནམ་རྦད་དེ་ལངས་རྗེས་མི་ཚོས་ཕྱུགས་ཁྱུ་དེད་ནས་དབྱར་སར་ཐོན། དེ་ཉིན་བ་ཡན་དབུན་ཏུར་སུའུ་མུའུ་ཡི་ཀ་ཁྲ་22ཀྱི་དུད་ཚང་1200ལྷག་ཙམ་གྱི་འབྲོག་པས་སྒོ་ཕྱུགས་མགོ་གྲངས་ཁྲི་8.5ལྷག་ཙམ་དེད་དེ་ཤར་དབུས་ནུབ་བཅས་ལམ་ཐིག་3ལ་དབྱེ་ནས་ཕྱུགས་འཚོ་སའི་ལྟེ་བའི་ཁུལ་6ལ་ཕྱོགས་ཏེ་དབྱར་སར་སྤོ་འགོ་ཚུགས།
2022ལོར་ཨ་ལུའུ་ཁོར་ཆིང་རྩྭ་ཐང་གི་རུ་བ་སྤོ་བའི་བརྒྱུད་རིམ་དེ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གཙོ་བོར་གཏན་འཁེལ་བྱས་ཡོད། མི་རབས་ནས་མི་རབས་བར་རྩྭ་ཐང་སྟེང་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱིས་རྩྭ་ཆུ་གང་བཟང་དུ་རུ་བ་སྤོས་ཏེ་རྩྭ་ཁ་གསོ་བའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་ལ། དེང་རབས་ཚན་རྩལ་གང་ལེགས་སྤྱད་དེ་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ལའང་བསྐྱོད་ཡོད།
འབྲེལ་ཡོད་གསར་འགྱུར།