དབུ་ཤོག>པར་མཛོད།
  • ལྷ་སའི་མཐོ་གསར་ཟམ་ཆེན་ཚ་ཚ་འུར་འུར་ངང་སྐྲུན་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    མིག་སྔར། ལྷ་སའི་མཐོ་གསར་ཟམ་ཆེན་འཛུགས་སྐྲུན་འགག་རྩའི་དུས་མཚམས་སུ་སླེབས་ཏེ་འགག་སྒྲོལ་གྱི་ལས་འགན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། ཟམ་ཆེན་འདི་ལྷ་ས་སྐྱིད་ཆུའི་ཐོག་བསྐྲུན་ཡོད་ལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྣེའུ་ཁུལ་གསར་བཅས་དང་སྦྲེལ་ཡོད་པ་མ་ཟད། རིང་ཚད་ཧྲིལ་པོར་སྨི་985ཡོད་པ་དང་ཕྱོགས་གཉིས་ནས་སྐྱོད་སའི་འཁོར་ལམ་དྲུག་འཆར་འགོད་བྱས་ཤིང་། ཟམ་ཆེན་འདི་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དྲ་བའི་བཀོད་པ་སྔར་བས་ལེགས་སུ་འགྲོ་རྒྱུ་དང་ཡུག་ཁུལ་ཁག་ཏུ་སྐྱོད་པའི་དུས་ཚོད་ཀྱང་ཐུང་དུ་འགྲོ་ངེས་ཡིན་པ་དང་། འདི་ནི་ཟླ་7ཚེས་5ཉིན་པར་བརྒྱབ་པའི་ལྷ་སའི་མཐོ་གསར་ཟམ་ཆེན་གྱི་ལས་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།