དབུ་ཤོག>པར་མཛོད།>པར་མཁན།
  • དམངས་གཉེར་མ་རྐང་ཚོད་འཛིན་གྱི་ལྕཌ་ལམ་ཐོག་མ་ནས་ཁྱོན་འགྲུལ་པ་མི་ཐེངས་དུང་ཕྱུར་1ལྷག་ཙམ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-30

    འདི་ནི་ཟླ་6ཚེས་27ཉིན་མེ་འཁོར་ཧང་ཐའེ་མྱུར་བགྲོད་ལྕགས་ལམ་ཀྲེ་ཅང་ཧྲེང་ཀྲོའུ་དུམ་བུར་སྐྱོད་བཞིན་པ།

    ལྕགས་ལམ་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར། ཟླ་6ཚེས་27ཉིན་བར། རང་རྒྱལ་གྱི་དམངས་གཉེར་མ་རྐང་ཚོད་འཛིན་ལྕགས་ལམ་ཐོག་མ་སྟེ། ཧང་ཐའེ་མྱུར་བགྲོད་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1ལྷག་ཙམ་སྐྱེལ་འདྲེན་བྱས་པ་རེད།

    སྤྱི་ཚོགས་ཀྱི་མ་རྩས་མ་དངུལ་བཏང་བའི་ལྕགས་ལམ་དཔེ་སྟོན་རྣམ་གྲངས་ཐོག་མ་ཁག་བརྒྱད་ཀྱི་ནང་གསེས་ཤིག་ཡིན་པའི་ངོས་ནས། ཧང་ཐའེ་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་266.9ཟིན་ཞིང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་པ་དང་། ཀྲེ་ཅང་ཧང་ཀྲོའུ་དང་། ཧྲའོ་ཤིང་། ཐའེ་ཀྲོའུ་བཅས་ས་གནས་གསུམ་སྦྲེལ་མཐུད་བྱས་ཡོད། 2022ལོའི་ཟླ་1ཚེས་8ཉིན་དངོས་སུ་ཤར་གཏོང་ཐུབ་ཚུན། ཉིན་རེར་འཁོར་སྐྱོད་དཔེ་རིས་ལྟར་ལམ་ཐིག་སྒྲོལ་བའི་མེ་འཁོར་ཐོག་མའི་ཆ་17.5ནས་མིག་སྔའི་ཆ་35བར་མང་དུ་བཏང་བ་དང་། རིམ་རྩིས་བརྒྱབ་ན་མེ་འཁོར་གཏོང་ཚད་ཆ་ཁྲི་4.31ལྷག་ཙམ་ཟིན་ཡོད། དེ་དང་དུས་མཚུངས། ལོ་རེར་འགྲུལ་རྒྱུན་གྱི་འཕར་ཚད་71%ཟིན་པ་དང་དབོར་འདྲེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།