བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་བསམ་བཀོད་བརྩམས་ཆོས་འགྲེམས་སྟོན་གནའ་བོའི་ཕོ་བྲང་དུ་འགོ་ཚུགས་པ།

ཟླ་6ཚེས་26ཉིན། “བཟོ་བོའི་སྙིང་སྟོབས་འགོག་ཐབས་མེད། གནའ་བོའི་ཕོ་བྲང་ནས་བརྩེ་སེམས་མངོན”ཞེས་པའི་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་བསམ་བཀོད་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་གི་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཐང་ག་དང་། བོད་བཟོའི་ལག་ཤེས་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་གི་བསླས་འཐག མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས། མི་རིགས་ཀྱི་བསམ་བཀོད་ཐོན་རྫས་སོགས་བརྩམས་ཆོས་བརྒྱ་ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ལྡན་པས་དུས་རབས་གསར་པའི་བོད་ཀྱི་དབང་པོ་སྐྱོན་ཅན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། འདི་ནི་ཟླ་6ཚེས་26ཉིན་ལྟ་སྐོར་བ་ཚོས“བཟོ་བོའི་སྙིང་སྟོབས་འགོག་ཐབས་མེད། གནའ་བོའི་ཕོ་བྲང་ནས་བརྩེ་སེམས་མངོན”ཞེས་པའི་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་བསམ་བཀོད་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།