དབུ་ཤོག>པར་མཛོད།
  • ལོ་20ཡི་རིང་འགྲུལ་པ་མི་ཐེངས་ཁྲི་900ལ་ཉེ་བ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-29

    འདི་ནི་ཟླ་6ཚེས་14ཉིན་པར་བླངས་པའི་ནག་ཆུ་འབབ་ཚུགས་ཀྱི་ཕྱིའི་རྣམ་པ་ཡིན་པ།

    འདི་ནི་ཟླ་6ཚེས་14ཉིན་པར་བླངས་པའི་ནག་ཆུ་འབབ་ཚུགས་ཀྱི་འགྲུལ་པ་ཡིན་པ།

    ས་བབ་སྨི་4513ཟིན་པའི་མཚོ་བོད་ལྕགས་ལམ་ནག་ཆུ་འབབ་ཚུགས་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་གནས་ཤིང་། 2006ལོར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན། ལོ་20ཡི་རིང་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་894.71སྐྱེལ་འདྲེན་བྱས་ཡོད། ལོ་མང་རིང་འབབ་ཚུགས་ཀྱིས་རྒྱུན་མཐུད་ཞབས་ཞུ་ལེགས་སུ་བཏང་སྟེ་འགྲུལ་པར་བློ་འདྲི་མཛུབ་སྟོན་དང་། རོགས་སྐྱོར་རམ་འདེགས། བདེ་འཇགས་དྲིལ་བསྒྲགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་འགྲུལ་པའི་བདེ་འཇགས་འགྲོ་སྐྱོད་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།