འཕྲིན་ལན་སྤྲིངས་ནས་ས་མཐོ་བརྩེ་བས་བསྐྱངས། ཁམ་སྡོང་བཏབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

འདི་ནི་ཀ་ལ་གྲོང་ཚོའི་རྣམ་པ་ཡིན་པ།

འདི་ནི་ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་ཀ་ལ་གྲོང་ཚོའི་ཡུལ་མིས“ཁམ་བུའི་མེ་ཏོག་གླིང”གི་མཛེས་ལྗོངས་ཁུལ་དུ་བི་ཤུ་འཕེན་བཞིན་པ།

འདི་ནི་ཀ་ལ་གྲོང་ཚོའི་ཡུལ་མིས་པད་ཁ་བརྔ་བཞིན་པ།

འདི་ནི་ཡུལ་མི་ཚེ་གཡང་གིས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་དུ་སེའུ་དམར་འཐུ་བཞིན་པ།

འདི་ནི་ཉི་མ་རྡོ་རྗེ་དང་ཉིང་ཁྲིའི་མི་ནག་འཆམ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སངས་རྒྱས་ཚེ་རིང་གིས“ཁམ་བུའི་མེ་ཏོག་གླིང”གི་མཛེས་ལྗོངས་ཁུལ་དུ་འཆམ་འཁྲབ་བཞིན་པ།

འདི་ནི་ཀ་ལ་གྲོང་ཚོའི་ཡུལ་མིས་ལྡུམ་རའི་ནང་དུ་ཁམ་བུ་འཐོག་བཞིན་པ།

འདི་ནི་ཀ་ལ་གྲོང་ཚོའི་རྒན་རྒོན་ཚོས་དགའ་ཚོར་ཆེན་པོས་གྲོང་མིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་ཀ་ལ་གྲོང་ཚོའི་ཡུལ་མིས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི“ཁམ་བུའི་མེ་ཏོག་གླིང”གི་མཛེས་ལྗོངས་ཁུལ་དུ་འཆམ་འཆམ་བྱེད་བཞིན་པ།
འཕྲིན་ལན་ཞིག་ལས་བརྩེ་བ་ཟབ་མོ་མཚོན། འབད་འབུངས་ལས་བརྩོན་རྣམ་པ་གསར་པ་མངོན།
ལོ་གཅིག་གི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་ཞིག་སྤྲིངས་པ་དེ་ཐོག་ནས་ཐུགས་འཁུར་གཟབ་བཞེས་དང་མངག་བཅོལ་ཟབ་མོ་གནང་ལུགས་དེ་རི་ཀླུང་ཁྲི་སྟོང་བརྒལ་ནས་ཉང་ཆུ་གཙང་པོའི་ངོགས་ཀྱི་ཁམ་བུའི་གླིང་དུ་ཡོངས་སུ་ཚོར་ཐུབ་ཡོད།
ལྗིད་ཏིག་ཏིག་གི་འཕྲིན་ལན་དེའི་ཡིག་འབྲུ་རེའི་གསེབ་ནས་ཐུགས་ཁྲལ་དང་རེ་སྒུག་ཆེན་པོ་གནང་བ་མཚོན་ཡོད།
ལོ་གཅིག་རིང་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ནུས་སེམས་གཅིག་སྒྲིལ་གྱིས་འབད་འབུངས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ས་བོན་གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོར་བཏབ་ནས། ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ས་གཞི་གཤིན་པོ་དེར་དུས་དང་རྣམ་པ་ཀུན་ཏུ་རེ་བ་གསར་པས་ཁེངས་པར་བྱས་ཡོད།
ད་ཆའི་ཀ་ལ་གྲོང་ཚོར་ཞིབ་སྦྱོང་ཉམས་ལེན་དང་། ཞིང་ནང་འཐུ་བསྡུ། ཁྱད་ལྡན་དམངས་སྲོལ་གནས་ཚང་བཅས་གང་ས་ཅི་ཐད་ནས་དར་རྒྱས་འགྲོ་བཞིན་ཡོད་ཅིང་། གྲོང་གསེབ་ཀྱི་ཐོན་ལས་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་མི་རིཌ་ཁག་གི་མང་ཚོཌ་ཁྱིམ་མཚེས་ལྟར་འཆམ་མཐུན་དང་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱིས་ཐོན་སྐྱེད་ཁྲོད་མཉམ་དུ་འཕེལ་རྒྱས་དོན་གཉེར་དང་འཚོ་བའི་ཁྲོད་བརྩེ་བ་ཆེན་པོ་བཅངས་ཏེ་མི་རིཌ་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་འབད་བཞིན་ཡོད།
མིག་གིས་མཐོང་ཐུབ་པའི་གྲོང་ཚོའི་འགྱུར་ལྡོག་དང་། ལག་ཟིན་ཐུབ་པའི་དམངས་འཚོའི་བདེ་རྩ། མྱོང་ཚོར་ཐུབ་པའི་མཐུན་སྒྲིལ་སྟོབས་ཤུགས་བཅས་ཀྱིས་གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་གཏོང་བའི་གསོན་ཉམས་དོད་པའི་འཆར་གཞི་ཐུན་མོང་ཐོག་བཏིང་ཡོད།
མདུན་སྐྱོད་ཀྱི་ལམ་བུ་གསར་པ་ཉང་ཆུ་གཙང་འགྲམ་དུ་བསྐྲུན་བཞིན་མཆིས། དྲིན་ཚོར་གྱི་བསམ་པ་སྙིང་ཁར་བཅངས་པའི་ཀ་ལའི་བུ་ཕྲུག་ཚོས་སེམས་རྩ་འཁོལ་བཞིན་གོམ་པའི་འདེགས་འཇོག་མི་འགྱུར་བར་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁྲལ་གནང་ཡུལ་དུ་གངས་ལྗོངས་ས་མཐོ་ཁོ་ནར་གཏོགས་པའི་དྲོ་སྐྱིད་ལྡན་པ་དང་འབད་འབུངས་ཀྱི་ལེའུ་གསར་པ་རྩོམ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།