དབུ་ཤོག>པར་མཛོད།
  • རླུང་འཁོར་གྱི་སྒྲོ་གཤོག་སྐྱེལ་འདྲེན་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-29

    ཉེ་ཆར། ཀྲུང་གོ་འཛུགས་སྐྲུན་ཅུས་གཉིས་པས་སྐྲུན་འགན་འཁུར་བའི་བོད་ལྗོངས་ཧྭ་གློག་འཕྱོངས་རྒྱས་440MWརླུང་གློག་རྟེན་གཞིའི་དུས་ཐེངས་དང་པོའི་150MWརླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་ཐོག་མ་དེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་བདེ་བླག་ངང་འདེགས་སྒྲིག་ཟིན་ནས། ས་བབ་མཐོ་ཤོས་སྨི་5350ཟིན་པའི་ས་བབ་ཤིན་ཏུ་མཐོ་བའི་རི་ཁུལ་གྱི་རླུང་གློག་ལས་གྲྭ་དེ་ཨར་ལས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དེ་ལས་རྣམ་གྲངས་དེ་རླུང་འཁོར་སྒྲིག་ཆས་སྒྲིག་སྦྱོར་ཕྱོགས་ཡོངས་ནས་འགག་སྒྲོལ་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཐེངས་དང་པོའི་རྣམ་གྲངས་ནང་625MWཡི་རླུང་ཤུགས་གློག་གཏོང་འཕྲུལ་ཙུའུ་24བཀོད་སྒྲིག་བྱས་ནས་གློག་འདུས་གློག་སྐུད་དང་། ལྕགས་སྒྲོམ། དེ་བཞིན་220KVཡི་གློག་ཤུགས་འཕར་ཚུགས་སོགས་ཀྱི་སྒྲིག་བཀོད་ལེ་ལག་ཚང་བར་བསྐྲུན་ཡོད་ཅིང་། རླུང་འཁོར་ས་བབ་མཐོ་ཚད་སྨི་4800ནས་སྨི་5350བར་དུ་གནས་ཡོད། འདི་ནི་རླུང་འཁོར་གྱི་སྒྲོ་གཤོག་སྐྱེལ་འདྲེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།