མི་སྟོང་གི་ནག་ཆུའི་སྒོར་གཞས་ཀྱིས་འཛམ་གླིང་གི་ཟིན་ཐོ་བཏོད་པ།

འདི་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མི་སྟོང་གི་ནག་ཆུའི་སྒོར་གཞས་འཁྲབ་བཞིན་པ།

འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་སྒོར་གཞས་འཁྲབ་སྟོན་བྱེད་སྐབས་ལྷོ་ཁའི་རུ་ཁག་གི་འཁྲབ་སྟོན་པས་ཉམས་འགྱུར་ལྡན་པའི་སྒོར་གཞས་འཁྲབ་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་གེ་སར་རྟ་རྒྱུག་ཐང་དུ་བྱེད་སྒོ་ཆེན་པོ་ཞིག་སྤེལ་བ་སྟེ། ས་བབ་སྨི་4510ཟིན་པའི་སར་ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་བྱང་ཐང་འབྲོག་པ་1105མཉམ་དུ་འཛོམས་ནས་རྒྱལ་ཡོངས་ས་གནས་ཁག་གི་གྲགས་ཅན་སྒོར་གཞས་མཁས་པ་ཚོའི་རམ་སྐྱོར་འོག མི་སྟོང་ཟིན་པའི་སྒོར་གཞས་འཁྲབས་ནས་འཛམ་གླིང་གི་ཟིན་ཐོར་འགྲན་སློང་བྱས་པ་རེད།
ཀྲུང་གོར་བཅའ་སྡོད་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་སྒྲིག་གཞིའི(WRCAC)འདུན་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཆིང་ཐའེ་ཡིས་ས་གནས་ས་ཐོག་ཏུ་ཞིབ་དཔྱད་དང་། བརྒྱུད་རིམ་ཧྲིལ་པོར་བདེན་དཔང་ར་སྤྲོད་བྱས་མཐར་མི་སྟོང་གི་ནག་ཆུའི་སྒོར་གཞས་འཁྲབ་སྟོན་གྱིས“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མི་སྟོང་གི་ནག་ཆུའི་སྒོར་གཞས”ཀྱི་འཛམ་གླིང་ཟིན་ཐོ་བཏོད་པའི་ཁྱབ་བསྒྲགས་བྱས་པ་རེད། འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་སྒྲིག་གཞིའི་འཐུས་མིས་འགྲན་སློང་ལམ་ལྷོངས་བྱུང་བའི་ཁྱབ་བསྒྲགས་བྱས་རྗེས། ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ལ་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་ཀྱི་གཞུང་ཕྱོགས་ལག་ཁྱེར་སྤྲད་པ་ལས“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མི་སྟོང་གི་ནག་ཆུའི་སྒོར་གཞས”དེ་འཛམ་གླིང་ཟིན་ཐོའི་གྲངས་གཞིའི་མཛོད་ནང་དངོས་སུ་བཅུག་པ་མཚོན་ཡོད།
ད་ཐེངས་ཀྱི་འཛམ་གླིང་ཟིན་ཐོར་འགྲན་སློང་བྱས་པར་གྲུབ་འབྲས་ཐོབ་པ་ནི་2026ལོའི“གླིང་སྣེའི་ནག་ཆུའི”རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་རེད། ཚེས་25ཉིན་གྱི་སྔ་དྲོར། ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་དང་ཐོག་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྒོར་གཞས་འཁྲབས་ཤིང་། གཟབ་མཆོར་ལེགས་པར་སྤྲས་པའི་ཞབས་བྲོ་བ་ཚོའི་སྟངས་སྟབས་ཡང་ཞིང་ཕུ་ཐུང་གཡུགས་ནས་སྐོར་བ་གཤོགས་ཆེན་པོ་བརྒྱབ་སྟེ་བོད་ཀྱི་ས་གནས་ཁག་གི་སྒོར་གཞས་རིག་གནས་ཀྱི་ཉམས་འགྱུར་མི་འདྲ་བ་མངོན་པར་བྱས་རྗེས། མི་སྟོང་གི་ནག་ཆུའི་སྒོར་གཞས་དངོས་སུ་འཁྲབ་འགོ་ཚུགས་པ་རེད།
2025ལོའི་ཟླ་བཅུ་གཅིག་པར་ནག་ཆུའི་སྒོར་གཞས་གསར་རྩོམ་གྱི་རྒྱུ་ཆ་གཙོ་བོར་བྱས་པའི་ཐང་ཆེན་ཞབས་བྲོའི་བརྩམས་ཆོས《གླུ་ལེན་གར་འཁྲབ》ལ་རྒྱལ་ཁབ་མང་ཚོགས་རིག་རྩལ་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས“མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ”ཐོབ་པ་དང་། 2026ལོའི་ཟླ་བཞི་པར་ནག་ཆུའི་སྒོར་གཞས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་བདུན་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།