འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མེ་འཁོར་འབབ་ཚུགས།

འདི་ནི་ཉེ་ཆར་བྲག་སྨུག་འབབ་ཚུགས་ཀྱི་འགྲུལ་སྐྱེལ་ཞབས་ཞུ་བ་སངས་རྒྱས་ཕུན་ཚོགས་ཀྱིས་འགྲུལ་པ་བང་སྒྲིག་ཏུ་བཅུག་ནས་མེ་འཁོར་ལ་འཛུལ་རྩིས་ཡོད་པ།

འདི་ནི་ཉེ་ཆར་འགྲུལ་པ་བྲག་སྨུག་འབབ་ཚུགས་ནས་མེ་འཁོར་ལ་འཛེག་བཞིན་པ།
ས་བབ་སྨི་4721ཟིན་པའི་བྲག་སྨུག་མེ་འཁོར་འབབ་ཚུགས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་དུ་གནས་པ་དང་། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མེ་འཁོར་འབབ་ཚུགས་ཤིག་རེད། འབབ་ཚུགས་དེ་2006ལོའི་ཟླ་7ཚེས་1ཉིན་དངོས་སུ་བསྐྲུན་པ་དང་། དང་ཐོག་མཚོ་བོད་ལྕགས་ལམ་ཐོག་གི་ལས་རེས་བྱེད་མཁན་མེད་པའི་འབབ་ཚུགས་ཤིག་ཡིན་ཞིང་། མེ་འཁོར་དེར་སྐབས་འཕྲལ་ཁ་བཀག་ནས་ཟུར་གཡོལ་བྱེད་ཀྱི་ཡོད། 2025ལོའི་ཟླ་བཅུ་གཉིས་པར་བྲག་སྨུག་འབབ་ཚུགས་དེར་འགྲུལ་པ་འབབ་འཛེག་གི་ལས་གཉེར་དངོས་སུ་བྱེད་འགོ་ཚུགས་ནས་ས་གནས་དེ་གའི་མང་ཚོགས་སྨན་པ་བསྟེན་པ་དང་། སློབ་གྲྭར་སྐྱོད་པ། གླ་པ་རྒྱུག་པ་སོགས་ལ་སྔར་བས་བདེ་འཇགས་དང་སྟབས་བདེ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།