ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན།

ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། དམངས་སྲོལ་ཉམས་ལེན་ཁྲོད་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཚོར་བར་བྱས་ཡོད།
འདི་ནི་ཟླ་6ཚེས་19ཉིན། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི“ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན”གྱི་ས་མཐོའི་གྲུ་ཤན་འབྲུག་མགོ་མའི(ཀོ་གྲུ)འགྲན་བསྡུར་དང“ལུས་རྩལ་འགྲན་བསྡུར་གྱི་དུས་ཚིགས”བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་སའི་གཙང་འགྲམ་སྤྱི་གླིང་དུ་སྤེལ་བཞིན་པ།

འདི་ནི་ཟླ་6ཚེས་19ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ“ལོ་སྒྲིལ་འབྲས་ཆན་བཟོས། བྱིས་པའི་སྤྲོ་སྣང་འཕེལ”ཞེས་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཕ་མ་བུ་ཕྲུག་མཉམ་རོལ་གྱི་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ཟླ་6ཚེས་18ཉིན། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ“དམར་མདངས་ཆབ་མདོས་དམངས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ། ལོ་སྒྲིལ་འབྲས་ཆན་བཟོས་ནས་ཏང་གི་བཀའ་དྲིན་བསྟོད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། ལོ་སྒྲིལ་འབྲས་ཆན་བཟོས་ཏེ་དུང་སེམས་མཚོན་པ་དང་དགོད་སྒྲའི་ཁྲོད་དུ་བློ་སེམས་གཅིག་ཏུ་སྒྲིལ་བཞིན་པ།

འདི་ནི་ཟླ་6ཚེས་18ཉིན་གཞིས་རྩེ་གྲོང་ཁྱེར་གྱིས“ཇོ་མོ་གླང་མས་བདེན་དཔང་བྱེད། རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཆེད་ང་ཡིས་འབད”ཅེས་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་ཏེ། མི་རྣམས་ཀྱིས་དགའ་སྤྲོའི་ཁྲོད་ནས་སྲོལ་རྒྱུན་དམངས་སྲོལ་གྱི་ངོ་མཚར་ཉམས་ལེན་གྱིས་དྲོ་སྐྱིད་འཆམ་མཐུན་གྱི་དུས་ཆེན་མཉམ་དུ་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།