ཡུན་ནན་ཁུན་མིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་བཅུ་པ་འགོ་ཚུགས་པ།

ཟླ་6ཚེས་11ཉིན། དུས་ཡུན་ཉིན་6གི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་བཅུ་པ་ཡུན་ནན་ཁུན་མིང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་68འགྲེམས་ཚོགས་ལ་ཞུགས་པ་དང་ཨེ་ཤེ་ཡ་ལྷོ་མ་དང་། ཨེ་ཤེ་ཡ་ཤར་ལྷོ། དེ་བཞིན་RCEPཡི་ཁོངས་མིའི་རྒྱལ་ཁབ་བཅས་ཚང་མར་ཁྱབ་ཡོད། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སུ་མི་ཐབས་རིག་ནུས་དང་། ལྗང་མདོག་ནུས་རྒྱུ། སྔོན་ཐོན་བཟོ་སྐྲུན། བྱེས་སྡོད་དང་ཡུལ་སྐོར་ལས་གཏོད། ཀོག་ཧྥེ་སྤུས་དག་སོགས་ཁྱབ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་། མི་ཆོས་རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་འབྲེལ་ཟམ་བསྐྲུན་ཞིང་། འདི་ནི་འགྲེམས་ཞུགས་ཚོང་པས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་བཅུ་པའི་ཐོག་ཚོང་ཟོག་འདེམས་བཞིན་པ།
འབྲེལ་ཡོད་གསར་འགྱུར།