ནས་ནག་གི་སོན་མང་ཚོགས་ལ་སྤྲོད་བཞིན་པ།

ཉིན་ཤས་གོང་། མཚོ་སྨད་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱིས་མཉམ་དུ་ནས་ནག་གི་སོན་རིན་མེད་ངང་མང་ཚོགས་ལ་སྤྲོད་པའི་བྱེད་སྒོ་སྤེལ་ཏེ། མཚོ་སྨད་གྲོང་རྡལ་གྱི་གྲོང་ཚོ(སྡེ་ཁུལ)བཞི་དང་སྒོ་བསྡུས་ཤང་གི་གྲོང་ཚོ(སྡེ་ཁུལ)གཉིས་ལ་སོན་ཏུན་22.5སྤྲད་ནས། དཔྱིད་འདེབས་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱས་ཤིང་། གཤམ་སྤྲོད་བྱ་ཡུལ་དུ། ལས་དོན་པས་གོ་རིམ་ལྡན་པའི་ངང་བགོ་བཤའ་རྒྱག་པ་དང་། ས་ཡུལ་དངོས་སུ་ནས་ནག་སོན་གྱི་ཁྱད་ཆོས་དང་ཚན་རིག་དང་མཐུན་པའི་ལུད་རྒྱག་སྟངས་ལག་རྩལ་གསལ་འགྲེལ་བྱེད་པ། དཔྱིད་འདེབས་ཐོན་སྐྱེད་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་དང་ཞིང་ནང་གཡོག་བྱེད་ཀྱི་གནད་འགག་སྒྲོག་འགྲེལ་བཅས་བྱས་ནས། ཞིང་དུད་ལ་ཚན་རིག་དང་མཐུན་པའི་ངང་འདེབས་འཛུགས་བྱེད་སྟངས་དམར་ཁྲིད་བྱས་པ་རེད། འདི་ནི་ནས་ནག་གི་སོན་མང་ཚོགས་ལ་སྤྲོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།