དབུ་ཤོག>པར་མཛོད།
  • ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་རོགས་སྐྱོབ་བྱེད། ལག་གདང་སྦྲེལ་ནས་དུས་བདེ་སྲུང་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    ཉེ་ཆར། ལྷ་ས་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་དང་བོད་ལྗོངས་ཁྲོང་པོ་ཐུང་ཧང་ཚན་རྩལ་ཚད་ཡོད་ཀུང་སིས《འཕྲལ་སྡོམ་རོགས་སྐྱོབ་མི་མེད་གནམ་གྲུའི་འགན་ལེན་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ཉིང་ལག་རུ་ཁག་དེའི་མཁའ་ཐོག་དང་གནམ་ས་གཞི་གཅིག་ཅན་གྱི་འཕྲལ་སྡོམ་རོགས་སྐྱོབ་འགན་ལེན་མ་ལག་འཛུགས་སྐྲུན་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་ལེན་ཇུས་གཞི་ལེགས་སུ་གཏོང་བ་དང་ཆབས་ཅིག་ཆེད་ལས་མི་མེད་གནམ་གྲུའི་ཁ་ལོ་བའི་དཔུང་ཁག་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་ནས་སྒྲིག་ཆས་དང་ཤེས་ལྡན་པ་དུས་གཅིག་ཏུ་རིམ་སྤོར་ཐུབ་ཡོད། འདི་ནི་བོད་ལྗོངས་ཁྲོང་པོ་ཐུང་ཧང་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་པས་མེ་ཟོན་བཀོད་འཐབ་པར་ཀུང་སི་དེའི་མི་མེད་གནམ་གྲུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།