དབུ་ཤོག>པར་མཛོད།
  • “སྐོར་སྐྱོད་སློབ་ཚན”བརྒྱུད་ལྷ་སའི་རྣམ་པ་གསར་པར་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-10

    འདི་ནི“སྐོར་སྐྱོད་སློབ་ཚན་བརྒྱུད་ལྷ་སར་ལྟ་བའི”གཞིས་ལུས་བྱིས་པ་གྲོང་ཁྱེར་དུ་སྐྱོད་པའི་ཞིབ་སྦྱོང་བྱེད་སྒོའི་མཉམ་པར་ཡིན་པ།

    འདི་ནི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཞིབ་སྦྱོང་བྱེད་སྒོར་ཞུགས་པའི་སློབ་མ་ཡིན་པ།

    འདི་ནི་སློབ་མའི་འཐུས་མིས་གཏམ་བཤད་སྤེལ་བཞིན་པ།

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས“མལ་གྲོའི་སྲུང་སྐྱོང”གཅེས་སེམས་ཞབས་ཞུའི་སྤུས་རྟགས་ལ་བརྟེན་ནས“སྐོར་སྐྱོད་སློབ་ཚན་བརྒྱུད་ལྷ་སར་ལྟ་བའི”གཞིས་ལུས་བྱིས་པ་གྲོང་ཁྱེར་དུ་སྐྱོད་པའི་ཞིབ་སྦྱོང་བྱེད་སྒོ་སྤེལ་ནས་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སེམས་འཆང་བ་དང་སྲུང་སྐྱོང་བྱས་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་མོར། གཞིས་ལུས་དང་དཀའ་ངལ་ཡོད་པའི་བྱིས་པ་22ཀྱིས་ལས་དོན་པའི་རོགས་རམ་འོག་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཞིབ་སྦྱོང་ལ་བསྐྱོད་པ་དང་། ལམ་བར་དུ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་ལྗོངས་རྟེན་མཛོད་ཁང་། བར་སྐོར་གནའ་གྲོང་སོགས་ས་ཁམས་མཚོན་རྟགས་ལ་བལྟས་པ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས། ས་གནས་དེ་གས“མལ་གྲོའི་སྲུང་སྐྱོང”ཁྱིམ་ཚང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་ནས་ཁྱིམ་ཚང་སློབ་གསོའི་ཆེད་ལས་འཆད་ཁྲིད་དགེ་རྒན་བཀྲ་ཤིས་ཚེ་རིང་གདན་དྲངས་ཏེ་ཁོངས་གཏོགས་ཁུལ་གྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་དང་དེ་བཞིན་ལྟ་རྟོག་བྱེད་མཁན་ལ་ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།