དང་བླངས་པས་ཇ་ཁང་དུ“ཏང་གི་དྲིན་ཚོར་གླེང་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།

ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དྲིལ་བསྒྲགས་སློབ་གསོའི་ཞབས་ཞུའི་དང་བླངས་པ་ཚོས་ཇ་ཁང་དུ་མང་ཚོགས་ལ་ཏང་གི་དྲིན་ཚོར་གླེང་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཁོང་ཚོས་ཇ་ཁང་དུ་འོང་བའི་མགྲོན་པོར་གླེང་མོལ་བྱས་ནས་ཏང་གི་ལོ་རྒྱུས་ཤོད་པ་དང་། ལོ་རྒྱུས་ལ་ཕྱིར་དྲན་གྱིས་ཏང་གི་བཀའ་དྲིན་ཚོར་བ། མིག་སྔའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་ཚུལ་བཅས་བརྗོད་ནས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ལུགས་གླེང་བ་མ་ཟད། ད་དུང་མང་ཚོགས་ལ་རྩྭ་ཐང་སྲུང་སྐྱོང་དང་། ཆུ་ལམ་དོ་དམ་སྲུང་སྐྱོབ། གད་སྙིགས་རིགས་དབྱེ། སྡོད་མལ་ཁོར་ཡུག་བཅོས་སྒྲིག ཐཱན་ཉུང་འཚོ་བ་སྐྱེལ་སྟངས་སོགས་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ཤེས་ཀྱང་ཁྱབ་གདལ་བཏང་ཞིང་། འདི་ནི་དང་བླངས་པས་ཇ་ཁང་དུ“ཏང་གི་དྲིན་ཚོར་གླེང་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།